སྐུ་གཟུགས་བཟང་པོ།��ཕྱོགས་བསྒྲིགས་དང་སློབ་སྟོན།�བསྟན་འཛིན་ནོར་བུ།�རྒྱལ་ཡོངས་ཁག་འབགཔ་སློབ་དཔོན།�
སྙན་རྩོམ།
གོ་དོན།�རྩོམ་མི་རང་གི་བློ་རིག་ ས་བོན་ལེགས་ཉེས་ ག་ཅི་ར་ཨིན་རུང་། ཚིགས་བཅད། ལྷུག་པ། སྤེལ་མའི་ཐོག་ལས་ དཔེ་དང་ དོན་གཉིས་སྦྱར་ཏེ་ གཞན་ཡིད་འཕྲོག་ཚུགས་པའི་ ཚིག་དོན་བཙུགས་ཏེ་ བྲིས་མི་ལུ་ སླབ་ཨིན།
སྙན་རྩོམ་ལུ་དབྱེ་བ།
རྩོམ་ལུ་དབྱེ་བ།
ཚིགས་བཅད་ཀྱི་གོ་དོན་དང་དཔེ།
ཚིགས་བཅད་ཟེར་མི་འདི་ ཚིག་ལྷུག་འབད་མེན་པར་ ཞབས་ཁྲ་དང་། རྩང་མོ། བཟུམ་ བྲིས་ཏེ་ཡོད་མི་ རྩོམ་ཚུ་ལུ་ སླབ་ཨིན།
དཔྱེ་འབད་བ་ཅིན།
དགའ་བ་སྐྱིད་པ་ཡོད་པའི།། སྨན་ལྗོངས་འབྲུག་གི་རྒྱལ་ཁབ།།
བདེ་སྐྱིད་ཕུན་སུམ་ཚོགས་པ།། ལྷ་ཡི་གཡུས་དང་འདྲ་སོང་།། ཟེར་དོ་བཟུམ་ཨིན།
ལྷུག་པའི་གོ་དོན་དང་དཔེ།
ལྷུག་པ་ཟེར་མི་འདི་ ཚིགས་བཅད་འབད་མེན་པར་ འབྲི་རྩོམ་དང་། གསལ་བཤད་བཟུམ་ བྲིས་མི་ ཡིག་རིགས་ཚུ་ལུ་ སླབ་ཨིན།
དཔྱེ་འབད་བ་ཅིན།
ཧེ་མ་ ས་ཆ་དགའ་ཏོག་ཏོ་ཅིག་ནང་ སེརཔ་སྦྱངམོ་ཕོ་གཉིས་ ཆ་རོགས་འཆམ་ཏོག་ཏོ་སྦེ་སྡོད་ནུག། ཟེར་བྲིས་དོ་བཟུམ་ཨིན།
སྤེལ་མའི་གོ་དོན་དང་དཔེ།
སྤེལ་མ་ ཟེར་མི་འདི་ བློ་ཟེ་བཟུམ། ཚིག་རིང་ཐུང་། ཚིགས་བཅད་དང་ལྷུག་པ་གཉིས་ སླ་བསྲེས་ཏེ་བྲིས་མི་ རྩོམ་ལུ་སླབ་ཨིན།
དཔྱེ་འབད་བ་ཅིན།
ཉན་གནང་མས། ངེའི་ཡིད་འོང་མ།། ཁྱོད་གདོང་པདྨའི་སྦུབ་ལས་བཏོན་བཏོན་བཟུམ།། ག་བ་ལེགས་པས་བུ་ངེ་མིག་ཁར་ལུ།། ཁྱོད་ཐུགས་རྗེ་བཙུན་སྒྲོལ་མའི་ཐུགས་བསྐྱེད་བཟུམ།། འགྲོ་བ་སེམས་ཅན་ཚུ་ལུ་བརྩེ་བ་འདུག། ཟེར་དོ་བཟུམ་ཨིན།
བཀའ་དྲིན་ཆེ།