1 of 6

ཞུ་ཡིག་འབྲི་ནིའི་�སྦྱོང་ལཱ།

ཕྱོགས་སྒྲིག་དང་སྤྱན་ཞུ་པ།

བསྟན་འཛིན་ནོར་བུ།

རྒྱལ་ཡོངས་ཁག་བགཔ་སློབ་དཔོན།

2 of 6

འོག་གི་བཀོད་རྒྱ་དང་འཁྲིལ་ཏེ་ ཁྱད་རྣམ་/ཁྱད་ཆོས་ཚུ་ ཚངམ་སྦེ་བཙུགས་ཏེ་ ཞུ་ཡིག་ཅིག་བྲིས།

ཀ༽ གནད་དོན་ ཁྱོད་གཡུས་ཁར་ སྤུན་ཆ་འཕྱད་པ་འགྱོ་ནི་ཨིན་ཟེར་ བཙུགས་ཏེ་ དབུ་འཛིན་ལུ་ ངལ་གསོའི་ཞུ་ཡིག་ཅིག་བྲིས།

ཁྱོད་ཀྱི་ཞུ་ཡིག་ནང་ལུ་ འོག་གི་གནད་དོན་ཚུ་ ཚང་དགོ།

  • ཞུ་ཡིག་ག་ལུ་ བྲིཝ་ཨིན་ན་དང་ བྲིས་མི་རང་གི་ ཁ་བྱང་།
  • ཞུ་ཡིག་འབྲི་དགོ་པའི་ གནད་དོན།
  • ངལ་གསོ་ཉིནམ་ ག་དེ་ཅིག་ དགོ་ནི་ཨིན་ན།
  • ཞུ་ཡིག་ཕུལ་བའི་ ཟླ་ཚེས།

3 of 6

དཔེར་ན།

༊ སློབ་དབུ་འཛིན་མཆོག་ལུ།

གུས་ སློབ་རིམ་ 5 པ་------སྡེ་ནང་ལས་ ངོ་མིང་------ང་ གཡུས་ཁར་ སྤུན་ཆ་འཕྱད་པར་འགྱོ་དགོཔ་ལས་ ཉིནམ་ 5 གི་རིང་ སློབ་གྲྭ་ནང་ འོང་མི་ཚུགས་ནི་ཨིན་པས་ལགས།

དེ་འབདཝ་ལས་ དབུ་འཛིན་མཆོག་གིས་ ང་ལུ་ ངལ་གསོ་ཉིནམ་ 5 གནང་ཟེར་ཞུ་ནི་ཨིན་ལགས།

སྤྱི་ཚེས་5/8/2024 ལུ་ གོང་མིང་པས་

ཕུལ།

4 of 6

འོག་གི་བཀོད་རྒྱ་དང་འཁྲིལ་ཏེ་ ཁྱད་རྣམ་/ཁྱད་ཆོས་ཚུ་ ཚངམ་སྦེ་བཙུགས་ཏེ་ ཞུ་ཡིག་ཅིག་བྲིས།

ཁ༽ གནད་དོན་ ཁྱོད་ར་་ཚ་རིམས་ཀྱིས་ན་ཡོདཔ་ལས་ སློབ་ཁང་ནང འོང་མི་ཚུགས་པས་ཟེར་ སློབ་ཁང་སློབ་དཔོན་ལུ་ ངལ་གསོའི་ཞུ་ཡིག་ཅིག་བྲིས།

ཁྱོད་ཀྱི་ཞུ་ཡིག་ནང་ལུ་ འོག་གི་ཁྱད་ཆོས་ཚུ་ ཚང་དགོཔ།

  • ཞུ་ཡིག་ག་ལུ་ བྲིཝ་ཨིན་ན་དང་ བྲིས་མི་རང་གི་ ཁ་བྱང་།
  • ཞུ་ཡིག་འབྲི་དགོ་པའི་ གནད་དོན།
  • ངལ་གསོ་ཉིནམ་ ག་དེ་ཅིག་ དགོ་ནི་ཨིན་ན།
  • ཞུ་ཡིག་ཕུལ་བའི་ ཟླ་ཚེས།

5 of 6

དཔེར་ན།

༊ སློབ་སྡེའི་སློབ་དཔོན་མཆོག་ལུ།

ཞུ་དོན། སློབ་རིམ་5 པ་------སྡེ་ནང་ལས་ ངོ་མིང་--------ང་ ཚ་རིམས་ཀྱིས་མགུ་ཏོ་ན། གཟུགས་ག་ར་ དྲོད་འབར་རྐྱབསྟེ་ཡོདཔ་ལས་ སློབ་གྲྭ་ནང་ འོང་མི་ཚུགས་ནི་ཨིན་པས།

དེ་འབདཝ་ལས་ སློབ་མཆོག་གིས་ ད་རིས་ཉིནམ་1 ངལ་གསོ་གནང་ཟེར་ ཞུ་ནི་ཨིན་ལགས།

སྤྱི་ཚེས་5/8/2024 ལུ་ གོང་མིང་པས་

ཕུལ།

6 of 6

བཀའ་དྲིན་ཆེ།�