1 of 14

2 of 14

འབགས་བཙོག་ཟེར་ན་ག་རེ་ལ་གོ་དགོས་སམ།

གནོད་འཚེ་ཆེ་བའི་རྫས་རྣམས་ཁོར་ཡུག་ལ་གློད་འདོན་བྱེད་པ་ལ་འབགས་བཙོག་ཟེར་བ་དང་། འདི་ལ་བརྟེན་ནས་ས། ཆུ། རླུང་དང་ནམ་མཁའ་སོགས་ཀྱི་འབྱུང་བ་དང་། སྣོད་བཅུད་གཉིས་ཀ་ལ་ཕོག་ཐུག་གཏོང་གི་ཡོད། རྫས་དེ་རྣམས་ལ་འབགས་རྫས་ཟེར།

ཁོར་ཡུག་ནང་གི་འབགས་བཙོག་རྣམས་རང་བྱུང་དང་མི་བཟོ་གཉི་གའི་འབྱུང་ཁུངས་ཡོད་ཅིང་། རང་འབྱུང་ནས་ཐོན་པའི་འབགས་བཙོག་ནི་མེ་རིའི་ཐལ་ཕྱེ་དང་། མོ་ཊ་དང་བཟོ་གྲྭ་ཁག་ནས་བཏོན་པའི་དུག་རླུུང་སོགས་ནི་མིས་བཟོས་པའི་འབགས་བཙོག་ཆགས་ཡོད།

སའི་གོ་ལ་སྟེང་གི་སྐྱེ་ལྡན་མཐའ་དག་འདི་ནས་བྱུང་བའི་ཆུ་དང་རླུང་ལ་བརྟེན་ནས་ཡོད་སྟབས། དེ་གཉིས་འབགས་བཙོག་གྱུར་ཚེ་དེ་ལ་བརྟེན་བཞིན་པའི་སྲོག་ཆགས་ཡོང་རྫོགས་ཀྱི་འཚོ་གནས་ལ་བརྡབ་གསིག་ཐེབས་ཀྱི་ཡོད་པ་ནི་གོར་མ་ཚགས།

3 of 14

མཁའ་རླུང་འབགས་བཙོག

འབགས་བཙོག་གཙོ་བོ་གསུམ་ནས་གཅིག་ནི་མཁའ་རླུང་འབགས་བཙོག་ཆགས་ཡོད་ཅིང་། འཚམ་རེ་མཁའ་རླུང་འབགས་བཙོག་རྣམས་ང་ཚོས་མཐོང་ཐུབ་ཀྱི་ཡོད། འོན་ཀྱང་མཁའ་རླུང་འབགས་བཙོག་མང་ཆེ་བ་ང་ཚོའི་མིག་གིས་མཐོང་མི་ཐུབ།

མཁའ་རླུང་འབགས་བཙོག་ལ་དབྱེ་བ་གཉིས་ཏེ། ཕྱིའི་མཁའ་རླུང་འབགས་བཙོག་དང་ནང་གི་མཁའ་རླུང་འབགས་བཙོག།

འབྱུང་ཁུངས་གཙོ་བོ་བཞི་སྟེ།

༡) རང་བྱུང་འབགས་བཙོག་ཐོན་ཁུངས།

༢) ས་ཁུལ་འབགས་བཙོག་འཐོན་ཁུང་། ཞིང་ས། རྒྱལ་ས། མེ་ཤིང་བེད་སྤྱོད་བྱེད་སའི་ས་ཁུལ།

༣) འགུལ་མེད་འབགས་བཙོག་ཐོན་ཁུངས། གློག་ཁང་། བཟོ་གྲྭ རྡོ་སྣུམ་བེད་སྤྱོད་བྱེད་སའི་བཟོ་གྲྭ་ཆེན་མོ།

༤) འགུལ་རུང་འབགས་བཙོག་ཐོན་ཁུངས། གནམ་གྲུ། མོ་ཊ། སྦག་སྦག

4 of 14

མཁའ་རླུང་འབགས་བཙོག་གི་འབྱུང་ཁུངས།

5 of 14

6 of 14

མཁའ་རླུང་འབགས་ཚད། (Air Quality Index)

  • མཁའ་རླུང་ནང་གི་འབགས་རྫས་མང་ཉུང་བལྟ་བྱེད་ཀྱི་ཚད་གཞི་ཞིག
  • གཞུང་འབྲེལ་ཚོགས་པ་དུ་མས་མཁའ་རླུང་གཙང་མ་ཡོད་མེད་བརྟགས་པའི་ཕྱིར་བེད་སྤྱོད་བྱེད་བཞིན་པ་དང་། དེ་ལ་གཞི་བཞག་པའི་ཐོག་དགོས་ངེས་ཅན་གྱི་ལག་ལྟར་ག་རེ་བྱེད་དགོས་མིན་གཟིགས་ཀྱི་ཡོད།
  • རྒྱ་གར་རྒྱལ་ས་ཁག་གི་འབགས་རྫས་ཁྱབ་ཆེ་ཤོས་ཤིག་ནི་PM2.5 ཆགས་ཡོད།
  • བེམ་རྫས་ཕྲ་མོས་མིའི་འཕྲོད་བསྟེན་ལ་འཕྲད་ཕུགས་གཉི་གའི་གནོད་འཚེ་ཆེན་པོ་ཞིག་བཟོ་བཞིན་ཡོད།

7 of 14

མཁའ་རླུང་འབགས་བཙོག་གི་གནོད་སྐྱོན།

ཨིན་ཌོ་ནེ་ཤི་ཡ་ཁུལ་གྱི་Anak Krakatau མེ་རི་འཕྱུར་བཞིན་པ།

ཕྱི་ལོ་ ༧༩ ལོའི་ཝེ་སུ་ཝི་ཡ་སི་(Mount Vesuvius)མེ་རུ་ཐོར་བ་ལ་བརྟེན་ནས་ཉེ་འདབས་ཀྱི་གྲོང་སྡེ་དང་ཡུལ་མི་ཡོངས་རྫོགས་རྩ་མེད་བཏང་ཡོད།

8 of 14

མཁའ་རླུང་འབགས་བཙོག་གི་གནོད་སྐྱོན།

ཕྱི་ལོ་ ༡༩༨༤ ལོའི་རྒྱ་གར་རྒྱལ་ས་བྷོ་པལ་གྱི་དོན་རྐྱེན།

ཉུང་མཐར་མི་གྲངས་བཞི་སྟོང་མ་ཟིན་ཙམ་གྲོང་བ་དང་མི་གྲངས་འབུམ་ལྔ་དང་ཕྱེད་ཀ་ཙམ་ལ་རྨས་སྐྱོན་ཕོག་ཡོད།

ཕྱི་ལོ་ ༡༩༥༢ ལོའི་ལོན་ཌན་གྱི་སྲོག་འཇོམས་སྨུག་པ་ །(Killer Fog)

མཁའ་རླུང་འབགས་བཙོག་དེས་མི་གྲངས་བཞི་སྟོངས་ཡས་མས་ཤིག་ཕྱི་མའི་ལྔ་ལམ་དུ་བཏང་ཡོད།

9 of 14

རྒྱ་ནག་སི་ཁྲན་མངའ་སྡེའི་ལེ་ཤན་ཁུལ་དུ་སྟོན་པའི་སྐུ་ཧ་ཅང་ཆེ་ཞིང་རྗིད་ཉམས་ལྡན་པ་ཞིག་ཡོད་པ་འདི་མཁའ་རླུང་འབགས་བཙོགས་ཀྱི་རྐྱེན་བྱས་ཏེ་ཉམས་རྒུད་འགྲོ་བཞིན་ཡོད།

རྒྱ་གར་ཨག་ར་གྲོང་སྡེ་ནང་ཡོད་པའི་འཛམ་གླིང་ན་ཆེས་སྙན་གྲགས་ཆེ་བའི་རྡོ་ཀ་མ་རུ་པའི་བཟོས་པའི་པུར་ཁང་ Taj Mahal ནི་སྐྱར་ཆར་གྱི་རྐྱེན་བྱས་ཏེ་སེར་མདོག་ལ་འགྱུར་བཞིན་པ།

10 of 14

མཁའ་རླུང་འབགས་བཙོག་གི་གནོད་སྐྱོན། གོ་ལའི་ཚ་དྲོད་རྒྱས་པ།

གོ་ལའི་ཚ་དྲོད་རྒྱས་པ་ལ་བརྟེན་ནས་ལྷོ་སྣེ་དང་བྱང་སྣེ་ལ་འཁྱགས་རོམ་བཞུར། དེར་བརྟེན་སྲོག་ཆགས་མང་དུ་རྩ་སྟོང་དུ་འགྲོ་བའི་ཉེན་ཁ་ཡོད།

རྒྱ་གར་དང་སེང་ཧལ་གྱི་མཚམས་ལ་ཡོད་པའི་ཝན་གླིང་འཕྲན་གྱི་ས་ཁྱོན་བརྒྱ་ཆ་ ༧༥ ཙམ་རྒྱ་མཚོའི་འོག་ལ་ཤོར་ཟིན་ཡོད།

11 of 14

ནང་གི་མཁའ་རླུང་འབགས་བཙོག།

  • ཉམས་ཞིབ་པ་རྣམས་ཀྱིས་ཕྱིའི་ཁོར་ཡུག་གི་མཁའ་རླུང་འབགས་བཙོག་ལས་ནང་ཁང་པའི་མཁའ་རླུང་འབགས་བཙོག་འདི་ཉེན་འཚབ་ཆེ་བ་ཡོད་ཅེས་བརྗོད་འདུག

  • ཉམས་ཞིབ་དཔྱད་རྩོམ་ལ་གཞིགས་ན། ཕྱི་ལོ་ ༡༩༩༩ ལོར་འབགས་བཙོག་གི་འཆི་རྐྱེན་ས་ཡ་ ༢།༨ ནས་ནང་གི་འབགས་བཙོག་འདི་ཕྱིའི་འབགས་བཙོག་ལས་ལྡབ་བཅུ་བཞིའི་ཆེ་བ་དང་། ཕྱི་ལོ་ ༡༩༩༩ ལོར་ནང་གི་མཁའ་རླུང་འབགས་བཙོག་གི་རྐྱེན་བྱས་ཏེ་མི་ས་ཡ་ ༢།༢ གྲོང་བ་དང་ཕྱིའི་ཁོར་ཡུག་འབགས་བཙོག་གིས་རྐྱེན་བྱས་ཏེ་མི་གྲངས་འབུམ་ལྔ་རྐྱེན་འདས་སུ་ཕྱིིན་འདུག�
  • ནང་འབགས་བཙོག་གི་འབྱུང་ཁུངས་གཙོ་བོ་འགའ་ནི། མེ་ཤིང་།(༤༩%) ལྕི་བ།(༨.༩%) རྡོ་སོལ།(༡.༥%)�
  • ནང་གི་འབགས་བཙོག་ཚང་མ་ནས་ཆེས་ཉེན་འཚབ་ཆེ་ཤོས་ནི་ཐ་མ་དང་རོ་ཌོན་གཉིས་ཆགས་ཡོད་སྟབས། ཕྲུ་གུ་ཆུང་ཆུང་དང་བུད་མེད་ནང་ལ་ཡོད་སྐབས་ཐ་མ་འཐུང་ན་ཁོང་གཉིས་ཀྱི་འཕྲོད་བསྟེན་ན་གནོད་འཚབ་ཆེ་བ་ཡོང་གི་ཡོད།

12 of 14

ནང་གི་མཁའ་རླུང་འབགས་བཙོག་གནོད་སྐྱོན།

  • རྒྱ་གར་ནང་མི་གྲངས་ས་ཡ་གཉིས་ཙམ་ནང་གི་མཁའ་རླུང་འབགས་བཙོག་ལ་བརྟེན་ནས་གྲོང་གི་ཡོད།
  • དེ་ནང་ནས་གློ་བའི་གཉེན་ཚད་ Pneumonia(44% ) དབུགས་ལམ་འགག་པའི་ན་ཚ། chronic obstructive pulmonary disease (54%) དང་གློ་བའི་འབྲས་ནད/ (2%)
  • ལྕི་བ་དང་མེ་ཤིང་སོགས་སྤྱད་དེ་ཁ་ལག་བཟོ་མཁན་རྣམས་ལ་གློ་བ་དང་འབྲེལ་བའི་ན་ཚ་ཁྱབ་ཆེ་བ་ཡོད་པ་ཉམས་ཞིབ་བརྒྱུད་གྲུབ་ཡོད།
  • དམིགས་བསལ་གྱི་གྲང་ངར་ཆེ་བའི་བོད་དང་ལ་དྭགས་བཅས་ལ་དེ་བས་ཛ་དྲག་བ་ཡོད། གནམ་གཤིས་རྐྱེན་པས་དུ་བ་འགྲོོ་སའི་སྒེའུ་ཁུང་ཚང་མ་བརྒྱབ་པས་འབགས་ཚད་ཡོངས་རྫོགས་ནང་དུ་ལྷག་གི་ཡོད། སོང་ཙང་འཕྲོད་བསྟེན་ལ་ཧ་ཅང་གནོད་འཚབ་ཆེན་པོ་བྱུང་གི་ཡོད།

13 of 14

མཁའ་རླུང་འབགས་བཙོག་སྟངས་འཛིན།

  1. རྒྱལ་ཁབ་གཞུང་གིས་འབགས་བཙོག་ཉུང་དུ་གཏང་རྒྱུའི་རྩ་ཁྲིམས་གཏན་འབེབས་བྱེད་རྒྱུ།
  2. མིའི་གྲངས་འབོར་འཕེལ་རྒྱས་ལ་ཚོད་འཛིན་བྱེད་རྒྱུ།
  3. རྡོ་སྣུམ་བེད་སྤྱོད་གང་ཉུང་བྱས་ཏེ་སྐྱར་གསོ་ཐུབ་པའི་ཉི་མའི་ནུས་པ་དང་། རླུང་གི་ནུས་པ་བཀོལ་སྤྱོད་བྱེད་རྒྱུ།
  4. རྒྱ་ལམ་དང་། ཆུ་མཐའ། སྐྱེད་ཚལ་བཅས་ལ་ཤིང་སྡོང་གང་མང་གདབ་རྒྱུ།
  5. སྒེར་གྱི་མོ་ཊ་དང་སྦག་སྦག་གང་ཉུང་ཉུང་བེད་སྤྱོད་བྱེད་དེ་གཞུང་གི་འགྲིམ་འགྲུལ་སྣུམ་འཁོར་བེད་སྤྱོད་བྱེད་རྒྱུ་ལོགས་པ།
  6. སྣུམ་བེད་སྤྱོད་མ་བྱེད་གོང་མུ་ཟི་འཚོ་རླུང་ཉེས་གྱུར་ (Sulphur dioxide)འདི་ཕྱིར་བཏོན་བྱེད་རྒྱུ།

14 of 14

ཐུགས་རྗེ་ཆེ།