1 of 9

འབྱོན་པ་ལེགས་སོ།

བསྡུ་སྒྲིག་དང་སློབ་སྟོན།�བསྟན་འཛིན་ནོར་བུ།�རྒྱལ་ཡོངས་ཁག་འབགཔ་སློབ་དཔོན།

2 of 9

དོན་ཚན་མཇུག་བསྡུཝ་ད་ སློབ་ཕྲུག་ཚུ་གིས་ ཤེས་དགོཔ།

  • གཏང་ཡིག་གི་གོ་དོན།
  • གཏང་ཡིག་གི་དབྱེ་བ།
  • གཏང་ཡིག་གི་ཁྱད་རྣམ་ཚུ་ བཙུགས་ཏེ་ རང་གི་ཕམ་དང་ཆ་རོགས་ལུ་ ལམ་ལུགས་གཉིས་ཆ་རའི་ཐོག་ལས་ གཏང་ཡིག་ཅིག་ འབྲི་ཚུགས་དགོ།

3 of 9

གོ་དོན།

གཏང་ཡིག་ཟེར་མི་དེ་ ཕམ་སྤུན་ཆ་དང་ ཆ་རོགས་ཚུ་ལུ་ ལེགས་ཉེས་ཀྱི་གནས་ཚུལ་ཚུ་ བཙུགས་ཏེ་བསྐྱལ་མི་ ཡི་གུའི་རིགས་ལུ་ སླབ་ཨིན།

4 of 9

གཏང་ཡིག་འབྲིཝ་ད་ སེམས་ཁར་བཞག་དགོཔ།

གཏང་ཡིག་འབྲིཝ་ད་ སེམས་ཁར་བཞག་དགོཔ་ཚུ་ཡང་། མགོ་རྒྱན། འབྲི་སའི་ཁ་བྱང་། འབྲི་མི་གི་མིང་། འབྲི་མི་གི་ཁ་བྱང་། དེ་ལས་ ནམ་ཕུལ་ཡི་ག? ཚེས་གྲངས་ཚུ་ ཚངམ་སྦེ་བཀོད་དགོཔ་ཨིན།

5 of 9

གཏང་ཡིག་གི་ མགོ་རྒྱན་ཐོབ་ལམ་དང་། �བརྡ་མཚོན།

གཏང་ཡིག་གི་སྐབས་ལུ་ མགོ་རྒྱན་ ༆ ༈ འདི་འབྲི་དགོ། མགོ་རྒྱན་འདི་གིས་ ཕན་ཚུན་ གཅིག་གི་གཅིག་ལུ་ མཐུན་འབྲེལ་གྱི་འདུ་ཤེས་ཚུ་ ཆུའི་རྒྱུན་བཟུམ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན། གཏང་ཡིག་དེ་ ཕམ་སྤུན་ཆ་དང་ གཉེན་ཉེ་འཁོར་ ལྟ་ལྟོ་ཚང་ཚུ་ལུ་ ཡི་གུ་བསྐྱལཝ་ཨིན།

6 of 9

གཏང་ཡིག་ལུ་དབྱེ་བ།

སྔར་སྲོལ་ལམ་ལུགས་ཀྱི་བཀོད་རིས།

དེང་སང་ལམ་ལུགས་ཀྱི་བཀོད་རིས།

7 of 9

གཏང་ཡིག་གི་ཁྱད་ཆོས་/ཁྱད་རྣམ།

ཟླ་ཚེས།

མགུལ་རྒྱན།

གཞན་གྱི་གནས་ཚུལ།

རང་གི་གནས་ཚུལ།

གནད་དོན་ངོ་མ།

མཇུག་བསྡུ།

སྤྱི་ཚེས་༥/༦/༢༠༢༢ ལུ།

ཆ་རོགས་འཇམ་དཔལ་ཚེ་རིང་ལུ།

ཆ་རོགས་ ཁྱོད་ཁྱིམ་ནང་ ལེགས་ཤོམ་འབད་ར་ ལྷོད་དོ་འོང་མནོ་བའི་རེ་བ།

ང་ཡང་ ཁྱིམ་ནང་ ལེགས་ཤོམ་འབད་ར་ལྷོད་ཅི།

ང་བཅས་ཆ་རོགས་གཉིས་ཀྱི་སྐོར་ལས་ ཕམ་གཉིས་ལུ་སླབ་ད་ ཕམ་གཉིས་སེམས་དགའ་ཡོད་པའི་སྐོར།

ཁྱོད་རའི་ ཆ་རོགས་ཀྱིས།

8 of 9

དབྱིན་ཚེས་༡.༢.༡༤

ཆ་རོགས་འཇམ་དཔལ་ཚེ་རིང་ལུ།

ཐིམ་ཕུག་སློབ་གྲྭ་ཆུང་བ།

ཐིམ་ཕུག།

རྩ་དོན། གནས་ཚུལ་ཡི་གུ།

ང་ དེ་ཚེ་ ཁྱོད་དང་ཁ་བྱལ་ཏེ་ གཡུས་ཁ་ལས་འོང་བའི་སྐབས་ ལམ་ཁ་ལུ་ རྐྱེན་དང་བར་ཆད་ ག་ནི་ཡང་མ་འབྱུང་པར་ བདེ་ཏོག་ཏོ་འབད་ར་ སློབ་གྲྭ་ནང་ལྷོད་ཅི། ལམ་ཁར་ ཆ་རོགས་ ལེགས་ཤོམ་ཅིག་དང་ ཕྱད་སྦེ་ སེམས་དགའ་ཏོག་ཏོ་བྱུང་ཡི།

ཆ་རོགས་ཁྱོད་དང་ང་ འཆམ་ཤོས་ཨིན་པའི་སྐོར་ལས་ ངེའི་ཕམ་སྤུན་ཆ་ལུ་སླབ་ད་ ཁོང་ཡང་སེམས་དགའ་ནུག། ང་བཅས་ལྟོ་ཚང་གཉིས་ མི་ཚེ་འདི་ནང་ ད་རེས་བཟུམ་ར་ ཆ་རོགས་འཆམ་ཤོས་འབད་ སྡོད་ཚུགས་པའི་ རེ་བ་སྦོམ་ཡོད། བཀྲིན་ཆེ།

ལྟོ་ཚང་ཟླ་བ་གྲགས་པ།

བུ་ལི་ སློབ་གྲྭ་ཆུང་བ།

གཏང་ཡིག་དེང་ལམ་ལུགས་ཀྱི་དཔེ།

9 of 9

བཀའ་དྲིན་ཆེ།