སྐུ་གཟུགས་བཟང་པོ།
ཕྱོགས་བསྒྲིགས་དང་སློབ་སྟོན།�བསྟན་འཛིན་ནོར་བུ།�རྒྱལ་ཡོངས་ཁག་འབགཔ་སློབ་དཔོན།
མིང་འགྲུབ་ཚུལ།�
མིང་གི་ཧེ་མར་ བྱ་ཚིག་དང་། ཤུལ་མར་ བྱ་ཚིག་ལུ་བརྟེན་ཏེ་ མིང་འགྲུབ་མི། བྱ་ཚིག་གཉིས་རྩེག་ལས་བརྟེན་ མིང་གྲུབ་ཡོད་མི་ བྱ་ཚིག་ཚུ། གཅིག་ལུ་ གཞི་མ་བརྟེན་པར་ ག་ལྷོདཔ་འབད་ ལག་ལེན་འཐབ་པ་ཅིན། དཀའ་ངལ་ ལེ་ཤ་འཐོནམ་ཨིན།
དཔེར་ན།�
སྐད་སྒྱུར། སྐད་བསྒྱུར? སྡེབ་མ་འདྲཝ་༢ །
འཐོན་སྐྱེད། ཐོན་སྐྱེད། འཐོན་བསྐྱེད། ཐོན་བསྐྱེད? སྡེབ་མ་འདྲཝ་༤ །
བརྐྱངས་སྐུམ། བརྐྱངས་སྐུམས། བརྐྱང་སྐུམས། བརྐྱང་སྐུམ། བརྐྱངས་བསྐུམས། བརྐྱང་བསྐུམས། བརྐྱངས་བསྐུམ། བརྐྱང་བསྐུམ? སྡེབ་མ་འདྲཝ་༨ །
ག་དེ་སྦེ་ཨིན་རུང་། ཡིག་སྡེབ་མ་འདྲཝ་༢ ལས་༡༦ གི་བར་ན་འཐོནམ་ཨིན།
དེ་སྦེ་ མི་འཐོན་ནི་གི་དོན་ལུ་ ཚིག་མཛོད་ལག་ལེན་འཐབ་སྦེ་ འོག་གི་བཟུམ་བྲི་དགོཔ་ཨིན།�
འཐོན་སྐྱེད།
བརྐྱང་སྐུམ།
འདི་བཟུམ་ ད་ལྟ་བའི་ཚིག་ལག་ལེན་འཐབ་པ་ཅིན། རྣམ་གཞག་དང་ལྡན་པའི་ཁར་ ཡིག་སྡེབ་ཀྱི་ དཀའ་ངལ་མི་འཐོན།།
བཅིང་ཐག།
ཆུ་བརྟག།
མིང་གི་རིགས་ཆ་མཉམ་ ད་ལྟ་བའི་ཚིག་ལག་ལེན་འཐབ་པ་ཅིན། སྐད་ཡིག་སྦྱོར་བ་ལག་ལེན་ལུ་ བདེ་བའི་ཁར། ཆོས་སྐད་ཀྱི་གཞི་དང་ དོན་མཐུན་ནི་དེ་གིས་ བྱིན་དང་ བརྗིད་ལྡན་ཏོག་ཏོ་ཅིག་ལུ་ འགྱུརཝ་ཨིན།
དྲི་བ།
བཀོད་རྒྱ། འོག་གི་ མིང་ཚུ་ཚུལ་མཐུན་འདུག་ག? བལྟ་སྦེ། ཚུལ་མཐུན་མེད་པཅིན། ཚིག་� མཛོད་ལག་ལེན་འཐབ་སྟེ་ སྒྱུར་བཅོས་འབད།��
བལྟ་བསྐོར། འཛིངས་འཁྲུགས། སྐྱོར་སྦྱངས། བརླགས་སྟོར། བཟོ་བསྐྲུན། ཟིང་འཁྲུགས། ཆག་གྲུམ། མཆོངས་བརྒྱུག། འཕེལ་བསྒྲིབ། བསྐངས་བཤག། བརྗེ་སོར། སྟོང་ལོག། བཟའ་འཐུང་། བརྟགས་དཔྱད། བཏང་སྙོམས། འབྱང་སྟོར། སྦྱངས་བརྩོན།
བཀའ་དྲིན་ཆེ།