1 of 113

འཚར་འཕེལ་དང་ལུས་ཁམས་གནས་ལུགས། Development and Physiology

2 of 113

སློབ་ཁྲིད་ཀྱི་དམིགས་ཡུལ།

  • འཚར་འཕེལ་གྱི་འཕེལ་འགྱུར།

-ཕྲ་ཕུང་རྐྱང་ལྡན་ནས་མང་ལྡན་གྱི་བར།

  • ཁྱད་འགྱུར། Differentiation
    • རྟེན་འབྲེལ། (ཕྲ་ཕུང་དང་དབང་པོ་ཁག)
  • འཕེལ་མཆེད། Proliferation
  • གོ་སྒྲིག Organization
    • ཕྲ་ཕུང། 🡪 ཕུང་གྲུབ། 🡪 དབང་པོ། 🡪 དབང་པོའི་མ་ལག
  • དབང་པོའི་མ་ལག་གི་སྤྱི་ཁོག

3 of 113

ངོ་སྤྲོད།

  • འཚར་འཕེལ་( Development)ཞེས་པ་ནི་སྐྱེ་དངོས་ཤིག་ཕྲ་ཕུང་རྐྱང་པ་ཞིག་ནས་འགོ་བརྩམས་ཏེ་ལུས་ཀྱི་ཆགས་བཀོད་ཡོངས་རྫོགས་མ་འགྲུབ་བར་གྱི་འཚར་ལོངས་ཀྱི་བརྒྱུད་རིམ་ལ་ཟེར།

  • ཕུང་གནས་རིག་པ་(Anatomy)ཞེས་པ་སྐྱེ་དངོས་ཤིག་གི་ལུས་ཕུང་གི་ཆགས་བཀོད་ལ་དབྱེ་ཞིབ་བྱེད་པའི་རིག་པ་ལ་ཟེར།

  • ལུས་ཁམས་གནས་ལུགས་(Physiology)ཞེས་པ་སྐྱེ་དངོས་ཤིག་གི་ལུས་པོའི་བཀོད་པ་སོ་སོས་བྱེད་ལས་ཇི་ལྟར་སྒྲུབ་པའི་ཚུལ་ལ་དཔྱད་པའི་རིག་པ་ཞིག་ལ་ཟེར།

4 of 113

5 of 113

Sexual reproduction

  • Occurs in vertebrates. སྒལ་རུས་ཅན་གྱི་ནང་ན་གནས།
  • It involves in the production and fusion of. སྐྱེ་དང་འཇིག་པར་བྱེད་པ་ཉིད། །
  • Two gametes to form a zygote. ཁམས་ཀྱི་ཕྲ་ཕུང་གཉིས་ལྷན་ཅིག་འདུས་ནས་ས་བོན་འདུས་སྒོང་དུ་འགྱུར།

6 of 113

Asexual reproduction

  • occurs in invertebrates. སྒལ་རུས་མེད་པའི་སེམས་ཅན་གྱི་ནང་ལ་འབྱུང་།
  • Involves binary fusion.
  • Budding
  • fragmentation

This Photo by Unknown Author is licensed under CC BY-SA

7 of 113

ས་བོན་འདྲེས་སྦྱོར།

ས་བོན་འདུས་སྒོང་།

སྐྱེ་ཕུང་བཞི་གྱེས།

གཞུང་རྟ།

མཚོན་དོན།

སོན་ཐིག

མྱུ་གུ་འབུས་ཀྱིན་པའི་སོན་ཐིག

འབྲེང་རྔ་ཅན་གྱི་�ཕྲ་ཕུང་།

ཨ་མི་བྷ་འདྲ་བའི་ཕྲ་ཕུང་།

ཆ་ལག་རྫོགས་པའི་སོན་ཐིག་གི་སྣོད།

སོན་ཐིག་གི་སྣོད་གསར་པ།

ཟས་ཟ་བཞིན་པའི་གཟུགས་འགྱུར་འབུ་སྲིན།

ཆ་ལག་རྫོགས་པའི་གཟུགས་འགྱུར་འབུ་སྲིན། (འབྲས་བུ་འདོགས་པར་གྲ་སྒྲིག)

ཕྲ་ཕུང་མང་ལྡན་གྱི་རྣམ་པ་དཔེ་གཟུགས་སུ་འགོད་པ། �མྱག་ཕུང་།

ཡ་རྐང་

ཆ་རྐང་

8 of 113

མྱག་ཕུང་གི་ཟས་བཅུད། ཟ་བྱེད་ཕྲ་ཕུང་འགྲོ་ལུགས།

Slime Mold Nutrition: Phagocytosis

9 of 113

ཉིང་འདུས། (ཧྥཡི་ས་རམ།)

Plasmodium (Physarum)

བྱེད་རིམ་ཁག : ཉིང་འདུས།

Phases: Plasmodium

10 of 113

ཉིང་འདུས། Plasmodium

  • ས་བོན་འདུས་ཁུང་གིས་ཉིང་འདུས་གྲུབ་པར་བྱེད། – ཁེར་འཚོའི་དུས་རིམ་རིང་ཤོས།
  • ཉེ་རིགས་ནང་ཁུལ་གྱི་ཁྱད་པར།  
    • ཆེ་ཚད། – ཧ་ཅང་ཕྲ་བ་ནས་མི་ཊར་གྱི་བར་དུ།
    • མདོག – ཚོས་མདོག་མེད་པ། ནག་པོ། མུ་མེན། དམར་པོ། སེར་པོ་ལ་སོགས།
  • ངེས་གཏན་མེད་པའི་བཟོ་དབྱིབས།
  • ཕྱི་ངོས་ནས་འགུལ་སྐྱོད་བྱེད་བཞིན་རྡུལ་ཁྱུར་མིད་བྱེད།
  • ཕྲ་ཚིའི་ནང་དུ་ཚི་ཤུགས་ལ་ཁྱད་པར་ཡོད་པའི་དྲ་ཚོགས་སྡོད་རྩ་ལྟ་བུ་ཞིག་ཡོད།
  • ཕྲ་ཚིའི་བཞུར་རྒྱུན་མྱུར་པོ།

11 of 113

བྱེད་རིམ་ཁག: སོན་སྣོད། (Sporangium)

ལྒང་ཆེན། Macrocyst

ལྒང་ཆེན། Macrocyst

12 of 113

བྱེད་རིམ་ཁག། : སོན་ཕྱེ།

Phases: Spores

སོན་ཕྱེ། (ཧྥཡི་ས་རམ། Physarum)

13 of 113

འཚར་འཕེལ་དང་འཚར་སྐྱེ།

Development and Growth

ཉིང་འདུས་གསར་པའི་འཚར་འཕེལ།

Young Plasmodium Development

14 of 113

ཕྲ་ཕུང་རིམ་པའི་མྱག་ཕུང་།

Cellular Slime Molds

(ཌིཀ་ཊོཡི་སིཊེ་ལིཡམ།) Dictyostelium

15 of 113

འཚར་འཕེལ་གྱི་འགྱུར་ལྡོག་ཁག�Developmental changes

  • ཟས་བཅུད་རྫོགས་པའམ། ཚོགས་འདུས་ཀྱི་ཆེ་ཚད་ངེས་ཅན་ཞིག་ཏུ་སླེབས་སྐབས། ཨ་མི་བྷ་ཕྲ་སྲིན་བཀྲེས་ལྟོགས་ཀྱི་དུས་སྐབས་ལ་ཞུགས་ཀྱི་ཡོད།
  • ཨ་མི་བྷ་ཕྲ་སྲིན་ལ་འཚར་འཕེལ་གྱི་འགྱུར་ལྡོག་འབྱུང་།
    • ནུས་སྒྱུར་གྱི་འགྱུར་ལྡོག - འདོད་མོས་ཅན་གྱི་རླུང་རྟེན་ཕྲ་སྲོག་(facultative aerobes)ནས་འཆིང་སྡོམ་ཅན་གྱི་རླུང་རྟེན་ཕྲ་སྲོག་(obligate aerobes)ཏུ་བརྗེ་སྒྱུར་བྱེད།
    • ལྷན་སྐྱེས་ཀྱི་ཟུར་བཅད་ཟ་མ་བེད་སྤྱོད།
    • ཕྲ་ཕུང་ངོས་ཀྱི་འགོག་ཟུངས་སྐྱེད་རྫས་ལ་འགྱུར་ལྡོག་འབྱུང། - ཕྲ་ཕུང་འབྱར་བག་ཅན་ཤས་ཆེ་རུ་འགྲོ།
    • ཨ་མི་བྷ་ཕྲ་སྲིན་ཁག་ཅིག་གིས་རྫས་འབྲེལ་ཕྱོགས་བསྐྱོད་ཀྱི་རྫས་ཤིག་གློད་གཏོང་བྱེད། - ཨེག་རེ་སིན།

16 of 113

མཉམ་འདུས། Aggregation

  • ཌིཀ་ཊོཡི་སིཊེ་ལིཡམ་ནང་གི་ཨེག་རེ་སིན་ནི་འཁོར་རྒྱུན་ཨེ་ཨེམ་པི་རེད། ཉེ་རིགས་གཞན་གྱིས་དངོས་རྫས་གཞན་སྐྱེད་སྐྲུན་བྱེད།

Acrasin in Dictyostelium is cyclic AMP, other species produce other substances

  • ཨེག་རེ་སིན་གྱིས་ཨ་མི་བྷ་ཕྲ་སྲིན་གཞན་རྣམས་བསྟར་ཆགས་འཕར་འགུལ་གྱི་ངོ་བོའི་ཐོག་ནས་ཐོན་སྐྱེད་ཀྱི་ལྟེ་དབུས་སུ་གནས་སྤོ་བྱེད་དུ་འཇུག།- མཉམ་འདུས་བྱེད་རིམ།
  • Acrasin causes other amoebae to migrate toward the center of production in pulsating streams –aggregation stage

17 of 113

ཉིང་འདུས་འདྲ་རྫུས། Pseudoplasmodium

  • ཨ་མི་བྷ་ཕྲ་སྲིན་མཉམ་འདུས་བྱས་ཏེ་ཉིང་འདུས་འདྲ་རྫུས་ (སྐྱོགས་འབུ་དང་སྒི་རེག་སི་)གྲུབ་ཀྱི་ཡོད།
  • རང་དབང་ཅན་གྱི་ཕྲ་ཕུང་ནས་ཕྲ་ཕུང་མང་ལྡན་ཆགས་དབྱིབས་སུ་འཕོ་འགྱུར།
  • ཌིག་ཊིཡོ་སིཊེ་ལིཡོམ་ནང་གི་ཉིང་འདུས་འདྲ་རྫུས། ཌིསི་ཁོཡི་ཌིཡུམ་ནི་མི་ལི་མི་ཊར་ ༡ - ༢ དབར་གྱི་རིང་ཚད་དང་། དེ་ནི་བཞའ་ཚན་དང་། འོད། དྲོད་ཚད་བཅས་ཀྱི་གཟར་ཚད་ལ་གཞིགས་ནས་འགུལ་བསྐྱོད་བྱེད།
  • འདི་ནི་ཀ་ར་མང་ལྡན་དང་སྤྲི་རྫས་ཀྱི་སྐོགས་ཤུབས་ཤིག་གིས་བཏུམ་ནས་ཡོད།
  • གནས་སྤོ་བྱེད་སྐབས་མྱག་མའི་རྗེས་ཤུལ་འཇོག་གི་ཡོད

18 of 113

ཉིང་འདུས་འདྲ་རྫུས། Pseudoplasmodium

  • ཨ་མི་བྷ་ཕྲ་སྲིན་གྱིས་ཟས་མི་ཟ་ལ་ཆ་བགོས་ཀྱང་མི་བྱེད།
  • གལ་ཏེ་གཟན་ཆས་བསྣན་པ་ན། གཅིག་བྱས་ན་མཚམས་ངེས་ཅན་ཞིག་བར་དུ་སོ་སོར་གྱེས་ནས་འགྲོ་སྲིད། དེའི་རྗེས་སུ་འཚར་འཕེལ་བྱ་རྒྱུར་ཤུགས་འདོན།
  • སྐྱོགས་འབུ་གནས་སྤོ་བྱེད་པ་དང་བསྟུན། དེ་སྣེ་དང་ལྡན་པར་འགྱུར་ཞིང་ཕྲ་ཕུང་ཁྱད་འགྱུར་བྱ་རྒྱུ་འགོ་འཛུགས་བྱེད།

19 of 113

Key Features of Pseudoplasmodium:�

  1. Aggregation: When food is scarce, individual cells emit chemical signals, leading other cells to aggregate into a slug-like structure. The pseudoplasmodium may consist of tens of thousands of cells.
  2. Motility: The pseudoplasmodium can move as a single unit, crawling toward light or better environmental conditions. This movement is directed by chemotaxis and phototaxis (movement toward light), allowing the slug to search for a suitable place to complete development.
  3. Differentiation Potential: Inside the pseudoplasmodium, cells begin to differentiate into two main types:
    1. Cells that will form the stalk of the fruiting body.
    2. Cells that will become spores, ensuring reproduction and survival.

20 of 113

ཕྲ་ཕུང་རིམ་པའི་མྱག་ཕུང་། CELLULAR SLIME MOLDS

རྐྱོང་ལག་གྲུབ་རིམ། (ཌིག་ཊིཡོ་སིཊེ་ལིཡོམ།)

Stalk Formation (Dictyostelium)

21 of 113

འབྲས་ཐོགས་གོང་བུ། Sorocarp

  • རྐྱོང་ལག་ཕྲ་ཕུང་རྣམས་གྲུབ། སོན་ཕྱེ་ལ་མངོན་དུ་ཕྱོགས་པའི་ཕྲ་ཕུང་རྣམས་རྐྱོང་ལག་གི་སྟེང་དུ་སྤོ་བཞུད་བྱེད།
  • སོན་ཕྱེ་ལ་མངོན་དུ་ཕྱོགས་པའི་ཕྲ་ཕུང་རྣམས་ཀྱིས་ཕྲ་ཤུན་མངར་རྫས་གྲུབ་པར་བྱེད། ཕྲ་ཤུན་རྣམས་སོན་ཕྱེ་རུ་འགྱུར།
  • ཆགས་དབྱིབས་གྲུབ་པ་དེ་ནི་སོ་རུསི་ (sorus) ནང་གི་སོན་ཕྱེ་ལྡན་པའི་འབྲས་ཐོགས་གོང་བུ་རེད། (སོན་ཕྱེ་ལྡན་པའི་ཟེགས་མ།) - དེ་ནི་ཤུན་པས་འཐུམས་མེད། དེ་ནི་སོན་སྣོད་མ་རེད།
  • སོན་ཕྱེ་ནི། Spores
    • ལྟེ་ཉིང་ཆིག་ལྡན་དང་།
    • འཚར་ལོངས་མེད་པར་གནས་པ།
    • མྱུ་གུ་འབུས་ཏེ་ཨ་མི་བྷ་ཕྲ་སྲིན་གྲུབ་པ།

22 of 113

Sorocarp

  • A “sorocarp” is the fruiting body of cellular slime molds like “Dictyostelium”. It consists of a “stalk” formed by cells that sacrifice themselves, and a “spore head” containing reproductive spores. The elevated spores are dispersed to new environments for germination. The sorocarp forms after amoeboid cells aggregate and differentiate, showcasing “multicellular cooperation”. This structure ensures survival and reproduction under harsh conditions by spreading spores over greater distances.

23 of 113

ཕྲ་ཕུང་རིམ་པའི་མྱག་ཕུང་། CELLULAR SLIME MOLDS

སོན་ཕྱེ་འགྲུབ་རིམ་དང་། འགྲམ་རིམ། (གྱེས་རིམ།)

Spore Formation and Dispersal

24 of 113

སོན་ཕྱེ། Spores

  • སོན་ཕྱེ་རྣམས་ཡ་རྐང་ཅན་དང་། ཟླུམ་གཟུགས་ཅན།
  • གྲ་མ་དང་། སོ། ད་དུང་རྒྱན་གཞན་ལྡན་པའི་ཕྱི་ཤུན་མཐུག་པོ།
  • ཕྲ་ཕུང་ཕྱི་ཤུན་གྱི་གྲུབ་ཆ་རྣམས་གསལ་པོར་ཤེས་ཀྱི་མེད། - ཞིབ་འཇུག་སྙན་ཐོ་གཅིག་གི་ནང་། - སྒེ་ལེ་མངར་རྫས་ཨ་མིན་ཟློས་རྫས་དང་མེ་ལ་ནིན་ཡིན་པར་བརྗོད།
  • སོན་ཕྱེ་ནི་འཚར་ལོངས་མེད་པར་བག་ལ་ཉལ་ནས་ (མ་མཐར་ལོ་ངོ་ ༧༥ རིང་) གནས་ཐུབ་ཀྱི་ཡོད།

25 of 113

Spores

  • Spores are tiny, reproductive units produced by plants, fungi, and some microorganisms. They can develop into new individuals without fertilization, akin to seeds in plants. Spores are often resistant to harsh conditions, allowing them to survive in unfavorable environments. In fungi, spores are released from fruiting bodies and can spread through the air or water to colonize new areas. They play a crucial role in reproduction and dispersal.

26 of 113

སོན་ཕྱེ་མྱུག་འབུས་རིམ་པ། Spore germination

  • ཕྲ་ཕུང་ཕྱི་ཤུན་གྱེས་པའམ་། བུ་ག་ཆུང་ཆུང་ཞིག་ཕྱེས་བ།
  • མྱུ་གུ་འབུས་པའི་རིམ་པ་ཡིས་ཨ་མི་བྷ་འདྲ་བའི་ཕྲ་ཕུང་ མིཡསི་ཨ་མི་བྷ་ཕྲ་སྲིན་ (གཅིག་གམ་འགའ་ཞིག)།- ཡང་ན་- འབྲེང་རྔ་གཉིས་ལྡན་པའི་ - རྐྱལ་ནུས་སོན་ཕྱེ་སྐྱེད་སྐྲུན་བྱེད།
  • མིཡསི་ཨ་མི་བྷ་ཕྲ་སྲིན་དང་རྐྱལ་ནུས་སོན་ཕྱེ་ནི་ཕན་ཚུན་བརྗེ་སྒྱུར་ཐུབ་ཀྱི་ཡོད། - ཆུ་ཡོད་པའི་གནས་སྐབས་སུ་འབྲེང་རྔ་སྐྱེད་སྐྲུན་བྱེད།

27 of 113

རྫས་འབྲེལ་ཕྱོགས་བསྐྱོད། Chemotaxis

28 of 113

རྫས་འབྲེལ་ཕྱོགས་བསྐྱོད། Chemotaxis

29 of 113

ཅིའི་ཕྱིར་(ང་ཚོས་)མཉམ་ལས་བྱེད་དགོས་སམ། Why work together?

ས་

30 of 113

ཕྲ་ཕུང་མང་ལྡན་གྱི་རྣམ་པར་འཕེལ་འགྱུར་བྱུང་བ། Evolution to Multicellularity

31 of 113

ཕྲ་ཕུང་རྣམས་ཚུལ་ཇི་ལྟར་དང། རྒྱུ་མཚན་གང་གིས་དང། དུས་ནམ་ཞིག་གི་ཚེ་སོ་སོར་འགྱེ་ཞིང་ཁྱབ་གདལ་དུ་འགྲོ་བ། �How, when, why do cells divide and proliferate

32 of 113

Proliferation

  • Cell Cycle: The process of cell proliferation occurs through the cell cycle, which includes phases like:
  • G1 Phase: The cell grows and prepares to duplicate its DNA.
  • S Phase: DNA is replicated.
  • G2 Phase: Further growth and preparation for mitosis.
  • M Phase (Mitosis): The cell divides into two daughter cells.

33 of 113

སྔོན་འགྲོའི་རྒྱུ་ཆ་གཅིག་པ་ལས་ཕྲ་ཕུང་མི་འདྲ་བ་སྐྱེད་སྐྲུན་བྱས་པ།�Different cells produced from the same precursors

34 of 113

སྦྲུམ་སྲིང་འཚར་སྐྱེ།Embryogenesis

སྦྲུམ་སྲིང་འཚར་སྐྱེ་ཡི་ནང་གི་རིམ་པ་ཁག

༡) འབྱེད་རིམ། Division

༢) གནས་སྤོ། Migration

༣) ཁྱད་འགྱུར། Differentiation

35 of 113

Embryogenesis is the process through which a single fertilized egg cell develops into a complete organism.

  1. Fertilization: The egg cell and sperm cell merge to form a zygote.
  2. Cleavage: The zygote undergoes a series of rapid cell divisions, called cleavage, to form a multicellular structure.
  3. Gastrulation: The cells begin to reorganize into three primary layers—ectoderm, mesoderm, and endoderm—each of which will develop into different tissues and organs.
  4. Organogenesis: These layers further differentiate to form specific organs and systems.
  5. Morphogenesis: The embryo undergoes physical shaping and growth, resulting in the recognizable structure of the developing organism.

Embryogenesis is a complex, tightly regulated process that lays the foundation for all the tissues and organs of the adult organism.

36 of 113

གྲོད་སྦྲུམ་འགྲུབ་རིམ།Embryogenesis

  • གྲོད་སྦྲུམ་འགྲུབ་རིམ་ནི་སྲོག་ཆགས་ཕལ་མོ་ཆེའི་སྦྲུམ་སྲིང་འཚར་འཕེལ་གྱི་ཐོག་མའི་བྱེད་རིམ་ཞིག་སྟེ། དེའི་རིང་ལ་ཕྲ་ཕུང་གི་རིམ་པ་རྐྱང་པའི་ཆགས་བཀོད་ནས་རིམ་པ་གསུམ་ཅན་གྱི་ཆགས་བཀོད་དུ་བསྐྱར་སྒྲིག་འབྱུང་གི་ཡོད། རིམ་པ་གསུམ་པོ་དེ་དག་ལ་ཕྱི་ཤུན་དང་། བར་ཤུན། ནང་ཤུན་བཅས་ཟེར།
  • Gastrulation is a phase early in the embryonic development of most animals, during which a single-layer of cells is reorganized into a three-layered structure. These three layers are known as the ectoderm, mesoderm, and endoderm.

37 of 113

གྲོད་སྦྲུམ་འགྲུབ་རིམ། Gastrulation

38 of 113

སྦྲུམ་ཕུང་རིམ་པ་རྣམས་ཕུང་གྲུབ་ཏུ་འགྱུར། �Germ Layers become Tissues

  • ཕྱི་ཤུན། Ectoderm

-དབང་རྩ་མ་ལག་དང་། སྐྲ། ཤ་ལྤགས།

  • བར་ཤུན། Mesoderm

-ཤ་སྒྲིམ་དང་། མཐུད་སྦྱོར་ཕུང་གྲུབ།

  • ནང་ཤུན། Endoderm

- ལྟོ་རྒྱུ་སྦུག་ལམ་དང་། གློ་བ། དབང་པོ་གཞན་ཕལ་མོ་ཆེ།

39 of 113

ཕྲ་ཕུང་ཐམས་ཅད་ལ་ཌི་ཨེན་ཨེ་གཅིག་པ་ཡོད་ནའང་།� དེ་རྣམས་ཐ་དད་རེད། �All cells have the same DNA, but they are different

40 of 113

ཕུང་གྲུབ། Tissues

  • སྲོག་ཆགས་རྣམས་ཕྲ་ཕུང་མང་ལྡན་ཡིན་པ་ཕྱིར་དྲན་བྱོས། ཁོང་ཚོའི་ལུས་ཕུང་གི་ནང་དུ་བྱེད་ལས་སོ་སོར་ཆེད་ལས་རང་བཞིན་ཅན་གྱི་ཕྲ་ཕུང་ཁྱད་པར་བ་མང་པོ་ལྡན་ཡོད།

  • ཕུང་གྲུབ་ནི་གོང་བུ་གཅིག་ལྟ་བུར་བྱེད་ལས་སྒྲུབ་པའི་ཕྲ་ཕུང་གཅིག་མཚུངས་ཀྱི་ཚོགས་ཤིག་ལ་ཟེར།

  • དར་མའི་ལུས་པོར་གཞི་རྩའི་ཕུང་གྲུབ་རིགས་བཞི་ཡོད་དེ། མཐུད་སྦྱོར་ཕུང་གྲུབ་དང་། དབང་རྩའི་ཕུང་གྲུབ། ཤ་སྒྲིམ་ཕུང་གྲུབ། ཤུན་རྩི་ཕུང་གྲུབ་བཅས་ཡིན།

41 of 113

གཞི་རྩའི་ཕུང་གྲུབ་རིགས་བཞི་ཡོད།�There are four basic tissue types

42 of 113

མཐུད་སྦྱོར་ཕུང་གྲུབ། Connective Tissue

  • མཐུད་སྦྱོར་ཕུང་གྲུབ་ནི་གཤེར་ཁུའམ། ལྡེ་གུ་འདྲ་བ། ཡང་ན་ཕུང་ཕྱི་དྲ་ཁུང་མཁྲེགས་གཟུགས་ཤིག་གི་ནང་དུ་ཕྲ་ཕུང་རྣམས་ལྷུག་པོར་གོ་རིམ་བསྒྲིགས་ནས་ཡོད། མཐུད་སྦྱོར་ཕུང་གྲུབ་ཀྱི་རིགས་རེ་རེ་ཡིས་སོ་སོའི་དྲ་ཁུང་གི་རིགས་བྱེ་བྲག་པ་ཞིག་གློད་འདོན་བྱེད།

  • ལྷོད་སྦྲེལ་མཐུད་སྦྱོར་ཕུང་གྲུབ་ཀྱིས་དབང་པོ་ཕན་ཚུན་དབར་ལ་འཐུམ་བྱེད་དངོས་རྫས་ཤིག་གམ། པགས་པའི་འོག་ཏུ་བར་འཚང་ལྟ་བུའི་བྱ་བ་སྒྲུབ།

  • ཕྲུམ་རུས་དང་རུས་པ་ཡིས་ལུས་པོའི་ཆེད་དུ་ཆགས་བཀོད་ཀྱི་རྟེན་ནམ། ཀླད་པ་དང་དབང་རྩ་མ་ལག་གི་གྲུབ་ཆ་གཞན་བཅས་ཀྱི་ཆེད་དུ་སྲུང་སྐྱོབ་ཀྱི་རུས་ཐུམ་སྦྱིན།

  • ཁྲག་གིས་ལུས་པོའི་ཁྱོན་ཡོངས་སུ་ཟས་བཅུད་སོགས་རྫས་རྡུལ་སྐྱེལ་འདྲེན་བྱེད།

43 of 113

The four basic types of tissues in animals are:�

  1. Epithelial Tissue: Covers body surfaces, lines cavities, and forms glands. It serves as a protective barrier, aids in absorption, and secretes various substances. Examples include the skin and the lining of the digestive tract.
  2. Connective Tissue: Supports, protects, and binds together other tissues and organs. It includes various types, such as bone, blood, adipose (fat) tissue, and cartilage. Connective tissues often have a matrix that provides structural and nutritional support.
  3. Muscle Tissue: Responsible for movement. There are three types:
    • Skeletal Muscle: Voluntary, striated muscle that moves bones.
    • Cardiac Muscle: Involuntary, striated muscle found in the heart.
    • Smooth Muscle: Involuntary, non-striated muscle found in walls of internal organs like the stomach and intestines.
  4. Nervous Tissue: Composed of neurons and supporting cells (neuroglia). It is responsible for transmitting electrical impulses throughout the body, facilitating communication between the brain, spinal cord, and other organs.

44 of 113

མཐུད་སྦྱོར་ཕུང་གྲུབ།

45 of 113

དབང་རྩའི་ཕུང་གྲུབ། Nervous Tissue

46 of 113

ཤ་སྒྲིམ་ཕུང་གྲུབ། Muscle Tissue

  • ཤ་སྒྲིམ་ཕུང་གྲུབ་ནི་ཕུང་གྲུབ་མཉེན་མོ་ཞིག་སྟེ་དེས་སེམས་ཅན་གྱི་ལུས་པོའི་ཤ་སྒྲིམ་གྲུབ་པར་བྱེད་པ་དང། ཤ་སྒྲིམ་རྣམས་འཁུམ་བསྡུ་བྱེད་པའི་ནུས་པ་དེ་ལས་བྱུང་།

  • ཤ་སྒྲིམ་གྱི་རིགས་མི་འདྲ་བས་སྒོ་དུ་མ་ནས་བྱེད་ལས་སྒྲུབ།

47 of 113

ཤ་སྒྲིམ་ཕུང་གྲུབ། Muscle Tissue

48 of 113

ཤུན་རྩི་ཕུང་གྲུབ། Epithelial Tissue

  • ཤུན་རྩི་ཕུང་གྲུབ་ནི་ལུས་པོའི་ཕྱི་ངོས་ཁེབས་བྱེད་དམ་ལུས་ཀྱི་ཁུང་བུའི་ནང་གཡོགས་གྲུབ་བྱེད་ཀྱི་ཕྲ་ཕུང་གི་བྲེ་ཁ་ཞིག་ཡིན། མིའི་ལུས་པོའི་ནང་དུ་དབྱེ་བ་གཉིས་ཡོད་དེ། ཁེབས་བྱེད་དང་ནང་གཡོགས་ཤུན་རྩི་གཉིས་ཡིན། དེ་གཉིས་ཀྱིས་པགས་པའི་ཕྱི་ངོས་ཀྱི་རིམ་པ་གྲུབ་པ་དང་། འཇུ་བྱེད་མ་ལག་དང་འབྱིན་རྔུབ་མ་ལག་གི་ནང་ཁུང་གཡོགས་པར་བྱེད་པ་དང་། དབང་པོའི་ལོགས་རྣམས་ཁེབས་པར་བྱེད།
  • Epithelial tissue is a sheet of cells that covers a body surface or lines a body cavity. Two forms occur in the human body: Covering and lining epithelium– forms the outer layer of the skin; lines open cavities of the digestive and respiratory systems; covers the walls of organs of the closed body cavity.

49 of 113

ཤུན་རྩི་ཕུང་གྲུབ། Epithelial Tissue

50 of 113

དབང་པོ་དང་མ་ལག་རྣམས།�Organs and Systems

  • དབང་པོ་རྣམས་ནི་མ་ལག་ཅེས་སུ་འབོད་པའི་གོང་བུ་ཆེ་ཁག་རྣམས་ཀྱི་ཆ་ཤས་ཡིན། མ་ལག་ཅིག་ཏུ་ཕུང་གྲུབ་དང་དབང་པོའི་ཚོགས་དུ་མ་ཡོད་ལ། དེ་རྣམས་ཀྱིས་བྱེད་ལས་བྱེ་བྲག་པ་གཅིག་གམ་དུ་མ་བསྒྲུབ་པ་ལ་མཉམ་ལས་བྱེད་པ་རེད།

Organs are part of larger units called systems. A system consists of groups of tissues and organs that work together to perform one or more functions.

51 of 113

དབང་པོ་རྣམས་ཕུང་གྲུབ་ཀྱིས་གྲུབ་པ་དང་།�མ་ལག་རྣམས་དབང་པོས་གྲུབ།

52 of 113

དབང་རྩ་མ་ལག་གི་འཚར་འཕེལNervous System Development

  • དབང་རྩ་མ་ལག (ཀླད་པ། རྒྱུངས་པ། དབང་རྩ།) འདི་ནི་ལུས་ཀྱི་ཚོད་འཛིན་མ་ལག་སྟེ། ཕྱི་ནང་གི་འགྱུར་ལྡོག་ཁག་ལ་ཡ་ལན་བྱེད་པ་དང། ཤ་སྒྲིམ་དང་རྨེན་བུ་རྣམས་སད་པ་དང་སློང་བར་བྱེད།

53 of 113

དབང་རྩ་འགྲུབ་རིམ། Neurulation

  • དབང་རྩ་འགྲུམ་རིམ་ནི་སྒལ་རུས་སྲོག་ཆགས་ཀྱི་སྦྲུམ་སྲིང་ནང་གི་ལྟེབ་འཐུམ་རིམ་པ་ལ་གོ་ཞིང་། རིམ་པ་དེའི་ནང་དུ་དབང་རྩའི་སྟན་རྣམས་དབང་རྩའི་སྦུ་གུ་རུ་བརྗེ་འགྱུར་ཐེབས་ནས་རིམ་གྱིས་ཀླད་པ་དང་རྒྱུངས་པ་འགྲུབ་ཀྱི་ཡོད།

Neurulation refers to the folding process in vertebrate embryos, which includes the transformation of the neural plate into the neural tube, which will become the brain and spinal cord.

54 of 113

གྲོད་སྦྲུམ་རིམ་པ་དང་དབང་རྩ་འགྲུབ་རིམ། �Gastrulation and�Neurulation

55 of 113

འཚར་འཕེལ་�འབྱུང་བཞིན་པའི་�དབང་རྩ་མ་ལགThe Developing Nervous System

56 of 113

དབང་རྩའི་སྦུ་གུ་དེ་ཀླད་པར་འགྱུར་ཚུལ།How the Neural Tube Becomes the Brain

57 of 113

འཚར་འཕེལ་འབྱུང་བཞིན་པའི་ཀླད་པ། The Developing Brain

58 of 113

འབྲེལ་མཐུད་འགྲུབ་བཞིན་པ། Making connections:དབང་རྩའི་མཐུད་མཚམས་གྲུབ་རིམ། Synaptogenesis

59 of 113

འབྲེལ་མཐུད་བཟོ་བཞིན་པ། དབང་རྩའི་ལམ་སྣེ་འཚོལ་བའི་རྒྱུད་རིམ་ནང་གི་རྫས་འབྲེལ་ཕྱོགས་བསྐྱོད།�Making connections: �chemotaxis in neuronal pathfinding

60 of 113

དབང་རྩའི་འཚར་འཕེལ་ཁྲོད་ཀྱི་འཆི་གསོན།�Life and Death in Neural Development

61 of 113

སྐྱེ་དངོས་རིག་པ་བ་རྣམས་ཀྱིས་རིམ་པ་གང་སར་ཕུང་གནས་དང་ལུས་གནས་རིག་པ་ལ་ཉམས་ཞིབ་བྱེད་པ་འདིར་ཕྱིར་དྲན་བྱོས།�Remember: Biologists Study Anatomy and Physiology at Many Levels

62 of 113

དབང་པོའི་མ་ལག་གཞན་རྣམས་ཀྱི་སྤྱི་ཁོག �Overview of Other Organ Systems

  • པགས་པ་མ་ལག Integumentary
  • རུས་སྒྲོམ་མ་ལག Skeletal
  • ཤ་སྒྲིམ་མ་ལག Muscular
  • ནང་རྨེན་མ་ལག Endocrine
  • སྙིང་རྩ་མ་ལག Cardiovascular
  • ཆུ་སེར་མ་ལག Lymphatic
  • འབྱིན་རྔུབ་མ་ལག Respiratory
  • འཇུ་བྱེད་མ་ལག Digestive
  • གཅིན་འདོན་མ་ལག Urinary
  • སྐྱེད་འཕེལ་མ་ལག Reproductive

63 of 113

དབང་པོའི་མ་ལག་རྣམས་ཕན་ཚུན་ལྟོས་གྲུབ་རེད།�Organ Systems are Interdependent

64 of 113

པགས་པའི་མ་ལག The Integumentary System

  • པགས་པའི་མ་ལག (པགས་པ་དང་། སྐྲ་སྤུ། སེན་མོ།)

དེ་ཡིས་ལུས་པོའི་ཕྱི་ངོས་ཀྱི་རིམ་པ་རྣམས་གྲུབ་པར་བྱས་ཏེ་གཏིང་རིམ་གྱི་ཕུང་གྲུབ་རྣམས་རྨས་སྐྱོན་ལས་སྲུང་བར་བྱེད། དེ་ཡིས་པགས་པའི་སྣེ་ལེན་པ་དང། རྔུལ་རྨེན། ཞག་རྨེན་བཅས་ལ་གནས་ཚང་གི་མཐུན་རྐྱེན་སྦྱོར་བ་རེད།

  • Integumentary system– (skin, hair, nails) Forms the external body covering and protects deeper tissues from injury. Houses cutaneous receptors, sweat glands, and oil glands.

65 of 113

པགས་པའི་མ་ལག

66 of 113

རུས་སྒྲོམ་མ་ལག The Skeletal System

  • རུས་སྒྲོམ་མ་ལག (རུས་པ་དང་ལྷུ་ཚིགས།) དེ་ཡིས་ལུས་པོའི་དབང་པོ་རྣམས་ལ་རམ་འདེགས་དང་སྲུང་སྐྱོབ་བྱེད། ཤ་སྒྲིམ་གྱིས་(འགུལ་སྐྱོད་ཀྱི་ཆེད་)བཀོལ་བའི་སྒྲོམ་རྟེན་ཡང་སྦྱིན། ད་དུང་རུས་པས་གཏེར་རྫས་གསོག་ཉར་དང་། ཁྲག་ཕུང་བཟོ་སྐྲུན་བྱེད་ཀྱི་ཡོད།
  • Skeletal system– (bones, joints) Supports and protects the body’s organs. Provides a framework muscles use (movement). Bones also store minerals and create blood cells.

67 of 113

རུས་སྒྲོམ་མ་ལག

  • སོབ་རུས།(spongy bone) - སོབ་སོབ་དང་མཉེན་ལྕུག་ཆེ་བ་ཡོད། དེ་ནི་དཀར་ཤམ་གྱི་ཐ་མལ་གནས་བབ་སྲུང་བར་གལ་གནད་ཆེ།
  • ཕྱི་རུས།(Cortical bone) ཧ་ཅང་སྲ་ཞིང་མཁྲེགས་པའི་ཕྱི་རུས།
  • ཕྲ་ཕུང་།

- རུས་སྐྱེད་ཕྲ་ཕུང་།(Osteoblasts) འདིས་རུས་པ་གསར་པ་འགྲུབ་པར་བྱེད།

- རུས་གསེ་ཕྲ་ཕུང་།(Osteoclasts) འདིས་རུས་པ་ཆ་གསེས་གཏོང། (བསྐྱར་སྒྲིག)

68 of 113

ཤ་སྒྲིམ་མ་ལག The Muscular System

  • ཤ་སྒྲིམ་མ་ལག - (རུས་འབྱར་ཤ་སྒྲིམ།)
  • ལུས་ཀྱི་སྟངས་སྟབས་སོར་གནས་དང་། གཡོ་འགུལ་ (འགུལ་ནུས་) སྐྱེད་སྐྲུན་བྱེད། དེ་བཞིན་དུ་ ཚ་དྲོད་ཀྱང་སྐྲུན་གྱི་ཡོད།
  • Muscular system– (skeletal muscles) Maintains posture and produces movement (locomotion). Produces heat.

69 of 113

ཤ་སྒྲིམ་ཕུང་གྲུབ། Muscle Tissue

70 of 113

རུས་འབྱར་ཤ་སྒྲིམ།

  • ཤ་སྒྲིམ། Muscle

- མཐུད་སྦྱོར་ཕུང་གྲུབ་ཀྱིས་མཉམ་དུ་བཅིངས་པའི་ཤ་སྒྲིམ་ཕྲ་ཕུང་གི་ཚོགས།

- རྒྱུས་པའི་མཐུད་སྦྱོར་བརྒྱུད་དེ་རུས་འབྱར་གཡོ་འགུལ་གྱི་བྱ་བ་སྤེལ།

    • ཤིན་ཏུ་ནས་ཆེ་བའི་ཕྲ་ཕུང་། Extremely large cells

- རྩ་རྒྱུས་ཟེར་བ་རེད། (སིན་ཊི་མི་ཊར་ ༢༠ ཙམ་གྱི་རིང་ཚད་ཡོད།)

    • ལྟེ་ཉིང་མང་ལྡན། Multinucleated

- རྣམ་པར་མ་དབྱེ་བའི་ལྟེ་ཉིང་ཆིག་ལྡན་གྱི་ཤ་སྐྱེད་ཕྲ་ཕུང་དུ་མ་འདུས་པ།

- ལྟེ་ཉིང་རེ་རེས་ས་ཁུལ་གྱི་ཁྱབ་ཁོངས་རེ་ལ་སྟངས་འཛིན་བྱེད།

- རྩ་རྒྱུས་རྨས་སྐྱོན་འཕོག་པའི་རྩ་རྒྱུས་རྣམས་ལ་ཞིག་གསོ་བྱེད་པའམ་བརྗེ་ཚབ་བྱེད་པའི་ཆེད་དུ་འདབས་གནས་ཕྲ་ཕུང་རྣམས་གྱེས་ཏེ་ཤ་སྐྱེད་ཕྲ་ཕུང་གི་ངོ་བོར་འགྱུར།

71 of 113

གཟུགས་ཕུང་འགུལ་བསྐྱོད་མ་ལག Somatic Motor System རང་འགུལ་གྱི་འགུལ་བསྐྱོདཚོད་འཛིན། Voluntary control of movement

ཤ་སྒྲིམ་རྣམས་སྡེ་ཁག་སྡེ་ཁག་ཏུ་གོ་རིམ་སྒྲིག་སྟེ་འཁོད་ཡོད་ཅིང་། བྱ་བ་ངེས་ཅན་སོ་སོ་ནས་སྒྲུབ་པའི་སླད་དུ་རུས་པ་དང་སྦྲེལ་ཏེ་ལས་ལ་འཇུག

- སྐུམ་བྱེད། Flexor

- རྐྱོང་བྱེད། Extensor

- སྟུན་བྱེད། Synergist

- ལྡོག་བྱེད། Antagonist

72 of 113

རྒྱུངས་པའི་ལྡོག་གསོའི་གོར་ལམ། Spinal Feedback Loopsལྡོག་འགུལ་གྱིས་ཉམས་སྐྱོན་འབྱུང་བ་ལས་སྔོན་འགོག་བྱེད་ཀྱི་ཡོད། Reflexes prevent damage

    • ཤ་སྒྲིམ་འཕང་མ། Muscle Spindles

- ཤ་སྒྲིམ་གྱི་རིང་ཚད་སྐོར་གྱི་གནས་ཚུལ་སྦྱིན།

- དེ་ལ་ “རྐྱོང་བྱེད་” བརྡ་ལེན་པ་ཞེས་ཟེར།

- དེ་ནི་ཤ་སྒྲིམ་དང་ལྷན་དུ་གཤིབ་གྲལ་དུ་འཁོད་ཡོད།

    • སྒོལ་སྒི་ཆུ་རྒྱུས་དབང་པོ། Golgi Tendon Organ

- ཤ་སྒྲིམ་སྟེང་གི་རྐྱོང་ཤུགས་སྐོར་གྱི་གནས་ཚུལ་མཁོ་སྤྲོད་བྱེད།

- ཤ་སྒྲིམ་དང་ལྷན་དུ་རིམ་པ་བསྟར་ཆགས་སུ་འཁོད་ཡོད།

ཨལ་ཕ་འགུལ་སྐྱོད་དབང་རྩ་ཕྲ་གཟུགས།

73 of 113

ནང་རྨེན་མ་ལག The Endocrine System

  • ནང་རྨེན་མ་ལག (ཐང་འབྲུ་རྨེན་བུ། པི་ཅུ་རྨེན་བུ། ཨོལ་མདུད་རྨེན་བུ། ར་ཆང་རྨེན་བུ། མཁལ་སྟོད་རྨེན་བུ། ཕོ་བའི་གཤེར་རྨེན། བསམ་སེའུ། རླིག་འབྲས།) ནང་རྨེན་མ་ལག་གི་ཆ་ཤས་སུ་གྱུར་པའི་རྨེན་བུ་རྣམས་ཀྱིས་རྨེན་རྫས་གློད་འདོན་བྱེད་ལ། དེ་ཡིས་འཚར་འཕེལ་དང། ནུས་སྒྱུར། སྐྱེད་འཕེལ་ལྟ་བུའི་ལུས་པོའི་བྱེད་རིམ་མང་པོར་ཚོད་འཛིན་བྱེད་ཀྱི་ཡོད།

Endocrine system– (pineal gland, pituitary gland, thyroid gland, thymus, adrenal gland, pancreas, ovary, testis) Glands from the endocrine system secrete hormones that regulate many processes like growth, metabolism, and reproduction.

74 of 113

ནང་རྨེན་མ་ལག་གི་དབང་པོ་ཁག Endocrine Organs

75 of 113

ཀླད་སྦུག་འོག་མ་དང་པི་ཅུ་མཐུད་བྱེད་ཁྲག་རྩ།

Parvocellular neurosecetory cells

Magnocellular neuroscretory cells

Infundibulum

76 of 113

འབྱིན་རྔུབ་མ་ལག The Respiratory System

  • འབྱིན་རྔུབ་མ་ལག - (སྣ་སྦུག མཚུལ་པ། གྲེ་བ། གློ་ཡུ། གློ་ཡུའི་ཡལ་འདབ། གློ་བ།) དེ་ཡིས་ཁར་སྦོན་འཚོ་རླུང་ཟུང་ལྡན་ (ཁར་སྦོན་ཌ་ཡི་ཨོག་སཡི་ཊི་) ཕྱིར་འདོན་པ་དང་། ཁྲག་ལ་རྒྱུན་མཐུད་དེ་འཚོ་རླུང་སྦྱིན། དབུགས་བརྗེ་ལེན་འབྱུང་ས་ནི་འབྱིན་རྔུབ་མ་ལག་(གློ་བའི་)ནང་ཡིན།
  • Respiratory system– (nasal cavity, pharynx, larynx, trachea, bronchus, lung) Removes carbon dioxide and continually supplies blood with oxygen. Gaseous exchanges occur in the respiratory system (lungs).

77 of 113

འབྱིན་རྔུབ་མ་ལག

  • ཕྲ་ཕུང་འབྱིན་རྔུབ་ཀྱི་བརྒྱུད་རིམ་ནང་གི་བཀོལ་སྤྱོད་བྱེད་པའི་འཚོ་རླུང་དང་སྐྱེད་སྐྲུན་བྱེད་པའི་ཁར་སྦོན་འཚོ་རླུང་ཟུང་ལྡན་རྣམས་ཁོར་ཡུག་དང་ལྷན་དུ་རྒྱུན་མ་ཆད་པར་བརྗེ་ལེན་ངེས་པར་བྱ་དགོས།
  • Oxygen consumed and carbon dioxide produced during cellular respiration must be continuously exchanged with the environment.
  • དེའི་ཐོག་རླངས་གཟུགས་འདི་རྣམས་(སྙིགས་རོ་དང་། བཅུད་རྫས། དེ་མིན་གྱི་འདུས་རྡུལ་གྱི་རིགས་གཞན་དང་ལྷན་དུ་)ལུས་ཀྱི་ཆ་ཤས་ཡོངས་སུ་སྐྱེལ་འདྲེན་ངེས་པར་བྱ་དགོས
  • In addition, these gases (along with wastes, nutrients, and other types of molecules) must be transported throughout the body.

78 of 113

ས་ཁུལ་གྱི་བྱེད་ལས་ལ་བཀོལ་འདོམས་བྱེད་པ།�Conducting Zone Function

  • དབུགས་རྒྱུ་སའི་ལམ་འཚང་འགག་ཆུང་བ Low-resistance pathway for airflow

- གློ་ཡུ་དང་གློ་ཡུའི་འདབ་མ་གཉིས་ཀྱི་གྱང་ཤུན་རྣམས་འཕྲུམ་རུས་གོར་མོས་གྲུབ་པས་དེས་གློ་བའི་ཆགས་བཀོད་ཕྱེ་སྟེ་གནས་པར་གྲོགས་བྱེད།

- གློ་ཡུའི་ཡལ་འདབ་རྣམས་འཇམ་ཤས་བསྐོར་ཏེ་དེའི་ཞེང་ཚད་ལ་སྟངས་འཛིན་བྱེད།

    • ཕྱི་ནས་འོང་བའི་དངོས་རྫས་དང་ཕྲ་དངོས་རྣམས་ལས་སྲུང་སྐྱོབ་ཀྱི་ཆེད་

- རྫི་རྔ། བེ་སྣབས། རགས་ཟ་བཅས་ཡོད།

    • རླུང་དྲོན་མོ་དང་བཞའ་ཚན་ཅན་དུ་སྒྱུར་བ།
    • སྒྲ་འབྱིན་པ། (སྒྲ་སྐྱེད་སྐྲུན།)

- གྲེ་བའི་ནང་དུ་གྲེ་ཐག་ཆགས་ནས་ཡོད་པ།

79 of 113

འབྱིན་རྔུབ་མ་ལག་དང་འཁོར་སྐྱོད་མ་ལག The Respiratory and Circulatory Systems

  • ནུས་སྐྱེད་དབང་ཕྲ་ཡིས་ཨེ་ཊི་པི་ (ནུས་པ་) སྐྱེད་སྐྲུན་ཐུབ་པའི་ཆེད་ཕྲ་ཕུང་སོ་སོས་དེར་རམ་འདེགས་ཀྱི་ཚུལ་དུ་མུ་མཐུད་ནས་འཚོ་རླུང་བསྡུ་བ་དང་ཁར་སྦོན་འཚོ་རླུང་ཟུང་ལྡན་ཕྱིར་འདོན་བྱ་དགོས།
  • རླངས་རྫས་བརྗེ་སྒྱུར་གྱི་བྱ་བའི་ནང་རིམ་པ་བཞི་ཡོད་དེ། རླུང་ལམ་སྐྲུན་པ། རླངས་རྫས་བརྗེ་ལེན། འཁོར་སྐྱོད། ཕྲ་ཕུང་གི་འབྱིན་རྔུབ་བཅས་ཡིན།

(༡) རླུང་ལམ་སྐྲུན་པའི་རིམ་པ་དེ་དབུགས་བརྗེ་ལེན་གྱི་བྱ་བར་ཆེད་ལས་སུ་གྱུར་པའི་གློ་བའི་ དབང་པོ་བརྒྱུད་ནས་རླུང་ངམ་ཆུ་རྒྱུ་བ་ན་འབྱུང་བ་ཡིན།

(༢) རླུང་ལམ་གྱི་ཁུད་ངོས་སུ་ཁྲག་དང་རླུང་ངམ་ཆུའི་བར་ལ་ CO2 དང་ O2 ཁྱབ་འགྱེད་ཀྱི་ ལམ་ནས་བརྗེ་ལེན་འབྱུང་།

80 of 113

འབྱིན་རྔུབ་མ་ལག་དང་སྙིང་རྩ་མ་ལག The Respiratory and Cardiovascular Systems

(༣) འཁོར་སྐྱོད་རིམ་པ་བརྒྱུད་ནས་བཞུས་ཟིན་པའི་འཚོ་རླུང་ (O2) དང་ཁར་སྦོན་འཚོ་རླུང་ཟུང་ལྡན་ (CO2) རྣམས་ལུས་པོའི་ཁྱོན་ཡོངས་སུ་སྐྱེལ་འདྲེན་བྱེད།

(༤) གང་དུ་ཕྲ་ཕུང་གི་འབྱིན་རྔུབ་ལ་བརྟེན་ནས་འཚོ་རླུང་ (O2) གི་རིམ་པ་དམའ་བ་དང་ཁར་སྦོན་འཚོ་རླུང་ཟུང་ལྡན་(CO2) གྱི་རིམ་པ་ཇེ་མཐོར་གྱུར་ཡོད་པ་དེར་ཁྲག་དང་ཕྲ་ཕུང་གཉིས་བར་ལ་འཚོ་རླུང་ (O2) དང་ཁར་སྦོན་འཚོ་རླུང་ཟུང་ལྡན་(CO2) གྱི་ཁྱབ་འགྱེད་བྱུང་།

  • རླུང་ལམ་སྐྲུན་པ་དང་རླངས་རྫས་བརྗེ་ལེན་གྱི་བྱ་བ་དེ་འབྱིན་རྔུབ་མ་ལག་གིས་སྒྲུབ་པར་བྱེད།
  • སྙིང་རྩ་མ་ལག་གིས་འཚོ་རླུང་(O2) དང་། ཁར་སྦོན་འཚོ་རླུང་ཟུང་ལྡན་(CO2)ཐེ་བའི་རྫས་ཆ་གཞན་རྣམས་ལུས་པོའི་ཁྱོན་དུ་སྐྱེལ་འདྲེན་བྱེད་པའི་བྱེད་འགན་འཁུར།

81 of 113

སྙིང་རྩ་མ་ལག The Cardiovascular System

  • སྙིང་རྩ་མ་ལག (སྙིང་དང་། ཁྲག་རྩ།) སྙིང་གིས་ཁྲག་འབུད་ཅིང་ཁྲག་རྩས་འདྲེན་པར་བྱེད། ཁྲག་གིས་འཚོ་རླུང་དང། ཁར་སྦོན་འཚོ་རླུང་ཟུང་ལྡན། བཅུད་རྫས། སྙིགས་མ་དང། རྫས་གཞན་མང་པོ་ལུས་པོའི་སྟོད་སྨད་ཡོངས་རྫོགས་སུ་སྐྱེལ་འདྲེན་བྱེད། སྙིང་རྩ་མ་ལག་ལ་ - སྙིང་ཞེས་སུ་འབོད་པའི་ཕུ་མདའ་(Pump)ཡོད། - འཕར་རྩ་ཞེས་པའི་སྦུ་གུ་སྲ་ཞིང་ཤུན་པ་མཐུག་པོ་དང་ལྡན་པ་དག་ཡོད་པ་དེ་དག་གིས་གནོན་ཤུགས་ཧ་ཅང་ཆེ་བའི་སྙིང་ནས་ཆ་གཞན་དུ་ཁྲག་འཁྱེར། - ཁྲག་རྩ་ཕྲ་མོ་རུ་འབོད་པའི་རྩ་སྦུག་ཕྲ་མོ་གང་གི་གྱང་ངོས་དེ་ཕྲ་ཕུང་གཅིག་གི་མཐུག་ཚད་ཙམ་དུ་ཡོད་པ་དང་། དེ་ཡིས་ཁྲག་རྩའི་མལ་ཁྲི་ཞེས་སུ་འབོད་པའི་རྩ་ཡི་དྲ་ཚོགས་ཀྱི་ཕུང་གྲུབ་དང་ལྷན་དུ་རླངས་གཟུགས་དང་འདུས་རྡུལ་གཞན་རྣམས་བརྗེ་ལེན་བྱེད་དུ་འཇུག་གི་ཡོད། - སྡོད་རྩ་རུ་འབོད་པའི་རྩ་སྦུག་གིས་གནོན་ཤུགས་དམའ་པོའི་སྐབས་སུ་སྙིང་ལ་ཁྲག་ཕྱིར་འདྲེན་བྱེད།

82 of 113

སྙིང་རྩ་མ་ལག ཁྲག་ཏུ་འཚོ་རླུང་སྡེབ་སྦྱོར་དང་། བརྗེ་ལེན། ཚགས་རྒྱག་པ།

83 of 113

ཧ་ཅང་གྱེས་ནས་ཡོད་པའི་ཁྲག་རྩ་ཕྲ་མོ།�Highly branched capillaries

  • ལུས་པོའི་ནང་གི་ཕྲ་ཕུང་ཐམས་ཅད་ནི་ཁྲག་རྩ་ཞིག་ནས་ཕྲ་ཕུང་ཁ་ཤས་ཀྱི་རྒྱང་ཚད་དུ་ཆགས་ཡོད།
  • all cells in the body are only a few cell diameters away from a blood vessel

  • དེ་ཡིས་བཅུད་རྫས་དང་སྙིགས་མ་བརྗེ་ལེན་ལ་མཐུན་རྐྱེན་སྦྱོར།
  • Facilitates exchange of nutrients and waste

84 of 113

ཁྲག་གི་གྲུབ་ཆ། �Components of Blood

  • ཁྲག་གི་ཆུ་སེར། Plasma

- ཆུ། བཞུར་རྫས། བཅུད་རྫས། ནུས་སྒྱུར་སྙིགས་མ།

- སྤྲི་རྫས། རྨེན་རྫས།

  • ཕྲ་ཕུང་། Cells

- དམར་ཕུང་། Erythrocytes(ཁྲག་ཕུང་དམར་པོ།)

ཁྲག་ཕུང་ཆ་ཚང་གི་གྲངས་མང་ཤོས། (བརྒྱ་ཆ་ ༩༩)

ཁྲག་དམར་སྤྲི་རྫས་ལ་འབྱར་བའི་འཚོ་རླུང་སྐྱེལ་འདྲེན་བྱེད།

- དཀར་ཕུང་། Leukocytes (ཁྲག་ཕུང་དཀར་པོ།)

ནད་འགོག་ཡ་ལན་དང་། གཉན་ཁར་རྒོལ་ལན་བྱེད་རྒྱུ།

ནད་སྲིན་ཕྲ་མོ་ལས་ཉེན་སྲུང་བྱེད་རྒྱུ།

- ཁྲག་ཞིབ། Platelets (ཕྲ་ཕུང་ཟེགས་མ།)

ཁྲག་ལིང་ཆགས་པར་འཛུལ་ཞུགས་བྱེད།

85 of 113

ཁྲག་གི་ནང་དུ་འཚོ་རླུང་དང་ཁར་སྦོན་འཚོ་རླུང་ཟུང་ལྡན་ཇི་ལྟར་སྐྱེལ་འདྲེན་བྱེད་དམ།�How Are Oxygen and Carbon Dioxide Transported in Blood?

  • ཁྲག་ནི་ཆུ་སེར་དུ་འབོད་པའི་གཤེར་ཁུ་ཅན་གྱི་ཕུང་ཕྱི་དྲ་ཁུང་ཞིག་གི་ནང་དུ་ཕྲ་ཕུང་ལྡན་པའི་མཐུད་སྦྱོར་ཕུང་གྲུབ་ཅིག་རེད།
  • ཁྲག་གི་ཆ་ལྷག་མ་རྣམས་ནི་ཁྲག་ཞིབ་དང་། ཁྲག་ཕུང་དམར་པོ། ཁྲག་ཕུང་དཀར་པོའི་རིགས་ཁ་ཤས་བཅས་གྲུབ་རྫས་ཀྱིས་གྲུབ།
  • ཁྲག་ཞིབ་ནི་ཕྲ་ཕུང་གི་ཆག་གྲུམ་ཡིན་པ་དང་། ཁྲག་རྩ་རྡོལ་བའི་སྐབས་སུ་ཁྲག་ཞིབ་ཀྱིས་རྫས་ཆ་དག་གློད་འདོན་བྱས་ཏེ་ཁྲག་ལིང་འགྲུབ་པར་གྲོགས་བྱེད་པའི་སྒོ་ནས་ལུས་པོ་ནས་ཁྲག་གང་ཉུང་འཆོར་བར་བྱེད།
  • ཁྲག་ཕུང་དཀར་པོ་རྣམས་ནི་ནད་འགོག་མ་ལག་གི་ཆ་ཤས་ཡིན་ཞིང་། དེས་གཉན་ཁའི་རིགས་འགོག་པར་བྱེད།

86 of 113

ཁྲག་གི་ནང་དུ་འཚོ་རླུང་དང་ཁར་སྦོན་འཚོ་རླུང་ཟུང་ལྡན་ཇི་ལྟར་སྐྱེལ་འདྲེན་བྱེད་དམ།�How Are Oxygen and Carbon Dioxide Transported in Blood?

  • ཁྲག་ཕུང་དམར་པོས་གློ་བ་ནས་ལུས་པོའི་ཁྱོན་ཡོངས་ཀྱི་ཕུང་གྲུབ་དག་ལ་འཚོ་རླུང་སྐྱེལ་འདྲེན་བྱེད་པ་མ་ཟད། ཕུང་གྲུབ་ནས་ཁར་སྦོན་འཚོ་རླུང་ཟུང་ལྡན་རྣམས་གློ་བར་སྐྱེལ་འདྲེན་བྱེད་པར་གནད་ཆེ་བའི་བྱེད་སྒོ་ཞིག་སྒྲུབ་ཀྱི་ཡོད། འགྲོ་བ་མི་ལ་མཚོན་ན། ཁྲག་གི་གྲུབ་རྫས་ཀྱི་བརྒྱ་ཆ་ ༩༩་༩ ནི་ཁྲག་ཕུང་དམར་པོ་རེད།

  • ཁྲག་ཕུང་དམར་པོའི་ནང་དུ་ཁྲག་དམར་སྤྲི་རྫས་(Hemoglobin)ཟེར་བའི་འཚོ་རླུང་འཁྱེར་མཁན་འདུས་རྡུལ་ཡོད།

87 of 113

ཆུ་སེར་མ་ལག The Lymphatic System

  • ཆུ་སེར་མ་ལག (དེའི་ཁོངས་སུ་རྐང་མར་དམར་པོ། ར་ཆང་རྨེན་བུ། ཆུ་སེར་རྒྱུ་རྩ། བྲང་གི་སྦུ་གུ མཚེར་པ། རྨེན་མདུད་བཅས་ཚུད་ཡོད།) ནད་འགོག་མ་ལག་གི་ཆར་གྱུར་པའི་(ཆུ་སེར་ཕྲ་ཕུང་སྟེ་) ཁྲག་ཕུང་དཀར་པོ་རྣམས་ཀྱི་རྟེན་གནས་བྱེད། ཁྲག་རྩ་ནས་ཟགས་ཤོར་བྱུང་བའི་གཤེར་རྣམས་ཁྲག་ནང་དུ་ཕྱིར་སློག་བྱེད་པ་དང་། ཆུ་སེར་གྱི་རྒྱུན་ནང་གི་ཞིག་རོ་རྣམས་ཕྱིར་འདོན་བྱེད།
  • Lymphatic system– (red bone marrow, thymus, lymphatic vessels, thoracic duct, spleen, lymph nodes) Houses white blood cells (lymphocytes) involved in immunity. Returns leaked fluid from blood vessels to the blood and disposes debris within the lymphatic stream.

88 of 113

89 of 113

ཆུ་སེར་རྒྱུ་རྩ། Lymphatics

- དང་པོ་ཆུ་སེར་རྩ་ཕྲན་གྱི་ཚུལ་དུ་བྱུང་།

- རྩ་ཕྲན་རྣམས་འདུས་ཏེ་རྒྱུ་རྩ་ཆེ་བ་རྣམས་གྲུབ།

  • དེའི་ཆགས་བཀོད་སྡོད་རྩ་དང་འདྲ།
  • བར་བར་དུ་ཆུ་སེར་རྨེན་མདུད་དང་མཐུད།

- ཆུ་སེར་རྒྱུ་རྩ་རྣམས་ཀྱིས་མཐར་ཆུ་སེར་རྣམས་རྒྱུ་ལམ་གཙོ་བོ་གཉིས་སུ་འདྲེན།

  • ཆུ་སེར་སྦུ་གུ་གཡས་པ།

མགོ་དང་མགྲིན་པའི་གཡས་ཕྱོགས་དང་། ལག་དང་བྲང་ཁོག་གཡས་པའི་ཆུ་སེར་རྣམས་ཚགས།

- སྒྲོག་རུས་འོག་གི་སྡོད་རྩ་གཡས་པའི་ནང་དུ་གློད་པར་བྱེད།

  • བྲང་གི་སྦུ་གུ

- ལུས་ཀྱི་ཆ་ལྷག་མ་ཡོངས་ནས་ཆུ་སེར་རྣམས་ཚགས། - སྒྲོག་རུས་འོག་གི་སྡོད་རྩ་གཡོན་པའི་ནང་དུ་གློད་པར་བྱེད

90 of 113

ཆུ་སེར་རྩ་ཕྲན། Lymph Capillaries

91 of 113

ཆུ་སེར་མ་ལག་གི་བྱེད་ལས། Function of the Lymphatic System

- གནོད་འཚེ་ཅན་གྱི་སྐྱེ་དངོས་དང་རྫས་རིགས་ཁག་ལས་སྲུང་སྐྱོབ་བྱེད་པ།

- སྲུང་སྐྱོབ་རིགས་གཉིས་ཏེ།

  • ངེས་མེད།
  • ངེས་ཅན།

- ངེས་ཅན་སྲུང་སྐྱོབ། = ནད་འགོག།

  • གཤེར་སྤྱོད་ནད་འགོག་(Humoral immunity)རིམ་པའི་ནང་སྦི་ཕྲ་ཕུང་རྣམས་ཆུ་སེར་ཕྲ་ཕུང་དུ་འགྱུར་ཞིང་། དེ་དག་གིས་འགོག་ཟུངས་སྐྱེད་རྫས་དམིགས་བཀར་བ་སོ་སོར་འབྱར་བའི་འགོག་གཟུགས་སྐྱེད་སྐྲུན་བྱེད།
  • ཕྲ་ཕུང་བརྒྱུད་པའི་ནད་འགོག་ (Cell-mediated immunity)རིམ་པའི་ནང་ཊི་ཕྲ་ཕུང་གིས་ཕྱི་ནས་ཞུགས་པའི་ཕྲ་ཕུང་ཐད་ཀར་རྩ་མེད་དུ་གཏོང་།

92 of 113

ཆུ་སེར་ཕྲ་ཕུང་གི་བྱུང་ཚུལ་དང་ཁྱབ་ཚུལ། �Derivation and Distribution of Lymphocytes

93 of 113

འཇུ་བྱེད་མ་ལག The Digestive System

  • འཇུ་བྱེད་མ་ལག (དེའི་ནང་དུ་ཁའི་བུ་ག མིད་པ། མཆིན་པ། ཕོ་བ། རྒྱུ་ཆུང་། རྒྱུ་ཆེན། གཞང་། གཞང་ཁ་བཅས་གཏོགས་ཡོད།)འདིས་ཟས་རྣམས་འཇུ་ཐུབ་པའི་ཆེད་ཆ་གསེས་གཏོང་བ་དང་། འཇུ་མི་ཐུབ་པའི་སྙིགས་མ་རྣམས་ཕྱིར་འདོར་བྱེད།
  • Digestive system– (oral cavity, esophagus, liver, stomach, small intestine, large intestine, rectum, anus) Breaks down food to be absorbed and eliminates indigestible waste.

94 of 113

འཇུ་ལེན། Digestion

  • རིམ་པ་དེའི་ནང་དུ་

༡) ནང་འདྲེན། Ingestion

༢) འགུལ་སྐྱོད། Movement

༣) འགུལ་འཇུ་དང་རྫས་འཇུ། Mechanical and Chemical Digestion

༤) སིམ་ལེན། Absorption

༥) ཟག་འདོར། Elimination

95 of 113

འཇུ་ལེན། Digestion

  • རིགས། Types

- (ལུས་ཀྱི་)འགུལ་སྐྱོད་ཀྱི་སྒོ་ནསMechanical(physical)

    • ལྡད་པ། Chew
    • གཤག་པ། Tear
    • འཐག་པ།། Grind
    • ལྡུར་ལྡུར་བཟོ་བ། Mash
    • བསྲེ་བ། Mix
    • རྫས་སྦྱོར་གྱི་སྒོ་ནས། Chemical
    • འཇུ་ལེན་གྱི་བྱ་བ་གོང་འཕེལ་གཏོང་བར་སྨིན་རྫས་ཀྱི་འདྲེས་སྦྱོར་བསྟེན་པ

Enymatic reactions to improve digestion of

- ཁར་སྦོ་མངར་རྫས། Carbohydrates

- སྤྲི་རྫས། Proteins

- ལི་ཚིལ། Lipids

96 of 113

འཇུ་བྱེད་མ་ལག་གི་བཀོད་སྒྲིག�Digestive System Organization

  • ལྟོ་རྒྱུ་སྦུག་ལམ། Gastrointestinal (Gl) tract
  • སྦུ་གུའི་ནང་གི་སྦུ་གུ་ཞིག་ཡིན།
  • དབང་པོ་ཕན་ཚུན་བར་གྱི་ཐད་ཀའི་སྦྲེལ་མཐུད་དམ་ལམ་བུ།
  • ཆགས་བཀོད།
  • ཁ། རྒྱུ་ཆུང་།

  • མིད་པ། རྒྱུ་ཆེན།

  • ཕོ་བ། གཞང།

97 of 113

ཁ།Mouth

  • ཨོལ་ཁེབས་ནི་མིད་པའི་རྒྱབ་ཏུ་ཡོད་པའི་ཁེབས་འདྲ་བའི་ཤ་ལེབ་ཅིག་ཡིན་ཞིང་། དེས་གློ་ཡུའི་ནང་དུ་ཟས་མི་འགྲོ་བར་འགོག་པའི་བྱ་བ་བྱེད།

Epiglottis is a flap-like structure at the back of the throat that closes over the trachea preventing food from entering it.

  • སོ་ཡིས་ཟས་བལྡད་ནས་ཆ་ཆུང་ཆུང་དུ་གཏོང་བ་ཡིན་ལ། ལྕེ་ཡིས་ཟས་དང་མཆིལ་མ་བསྲེ་བར་བྱེད། (མཆིལ་མའི་ནང་ཡོད་པའི་ཨེ་མི་སྨིན་རྫས་ཀྱིས་ཟས་ཀྱི་བག་ཚི་གཅོག་པར་བྱེད།)

Teeth mechanically break down food into small pieces. Tongue mixes food with saliva (contains amylase, which helps break down starch).

98 of 113

མིད་པ། Esophagus

  • ཕལ་ཆེར་རིང་ཚད་ཨིན་ཆི་ ༡༠ ཡོད།
  • དེའི་བྱེད་ལས་ཀྱི་ནང་དུ།

༡) བེ་སྣབས་གློད་འདོན།

༢) ཟས་རྣམས་མགྲིན་པ་ནས་ཕོ་བའི་བར་ཐུར་སེལ་རང་འགུལ་ཞེས་སུ་འབོད་པའི་ཤ་སྒྲིམ་གྱི་འགུལ་སྐྱོད་ལ་བརྟེན་ནས་འདྲེན་པར་བྱེད།

༣) གལ་ཏེ་ཕོ་བ་ནས་འདིར་ (མིད་པ་) སྐྱུར་རྫས་བྱུང་ཚེ། དེ་ནི་བྲང་ཁོག་ཚ་ཤར་རེད།

Functions include:

Approximately 10” long

  1. Secrete mucus

2.Moves food from the throat to the stomach using muscle movement called peristalsis

If acid from the stomach gets in here that’s heartburn.

99 of 113

ཕོ་བ། Stomach

  • དབྱིན་ཡིག་ J དབྱིབས་ཅན་གྱི་ཤ་སྒྲིམ་ལས་གྲུབ་པའི་ཁུག་མ་འདིས་ཁྱོད་ཀྱིས་ཟ་བའི་ཟས་གསོག་པ་དང་། དེ་ཉིད་དུམ་བུ་ཕྲ་མོར་གཏོང་།
  • ཟས་ནང་གི་སྤྲི་རྫས་དང་ལི་ཚིལ་རྣམས་འཇུ་བའི་ཆེད་དུ་ཟས་དང་འཇུ་བྱེད་གཤེར་ཁུ་བསྲེ་བར་བྱེད། གཤེར་ཁུ་དེའི་ནང་སྨིན་རྫས་དུ་མ་ཡོད།
  • ཕོ་བའི་ནང་གི་སྐྱུར་རྫས་ཀྱིས་སྲིན་བུ་གསོད་པར་བྱེད།
  • ཕོ་བའི་ནང་དུ་ཡོད་པའི་ཟས་ལ་ཉོག་འབག་ཟེར།

J-shaped muscular bag that stores the food you eat, breaks it down into tiny pieces.

Mixes food with digestive juices that contain enzymes to break down proteins and lipids.

Acid in the stomach kills bacteria.

Food found in the stomach is called chyme

100 of 113

རྒྱུ་ཆུང་། Small Intestine

  • རྒྱུ་ཆུང་རྣམས་རགས་རྩིས་སུ་མི་ཊར་ ༧ ཙམ་ཡོད།
  • རྒྱུ་མའི་ཤུན་སྐོགས་ཀྱི་ནང་ཤ་རུ་ཁད་སྤུ་ཟེར་བའི་མཛུབ་མོ་འདྲ་བའི་ཤ་འབུར་དུ་མ་ཡོད་ཅིང་། དེ་དག་གིས་རྒྱུ་མའི་ཁུད་ངོས་ཀྱི་རྒྱ་ཁྱོན་ཇེ་ཆེར་གཏོང།

  • ཁད་སྤུ་རྣམས་ཀྱང་སྤུ་ཕྲན་གྱིས་གཡོགས་ནས་ཡོད་ཅིང་། དེ་ཡིས་ཟས་བཅུད་བསྡུ་བའི་ཆེད་དུ་ཁུད་ངོས་རྒྱ་ཁྱོན་དེ་བས་ཀྱང་ཇེ་ཆེར་གཏོང་བ་ཡིན།

Small intestines are roughly 7 meters long

Lining of intestine walls has finger-like projections called villi, to increase surface area.

The villi are covered in microvilli which further increases surface area for absorption.

101 of 113

རྒྱུ་ཆུང་།�Small Intestine

  • ཟས་བཅུད་རྣམས་རྒྱུ་ཆུང་གི་གྱང་ཤུན་ནས་ཁྲག་རྒྱུན་དུ་ཞུགས།
  • རྫས་གང་དང་གང་བསྡུ་ལེན་བྱེད་པ།

- ཆུ་ག་ཚོད་བཏུང་བ་དེ་ལས་བརྒྱ་ཆ་ ༨༠

- འཚོ་བཅུད། Vitamins

- གཏེར་རྫས། Minerals

- ཁར་སྦོ་མངར་བཅུད། Carbohydrates

- སྤྲི་རྫས། Proteins

- ལི་ཚིལ། Lipids

  • འཇུ་བྱེད་སྨིན་རྫས་གློད་འདོན་བྱེད། Secretes digestive juice

102 of 113

རྒྱུ་ཆེན། Large Intestine

  • རིང་ཚད་ཕི་ཊི་ ༥ ཙམ་ཞིག
  • རྒྱུ་ཆུང་གིས་བསྡུ་ལེན་མི་བྱེད་པའི་ཟས་ལྷག་དེར་འབྱོར།
  • གཞང་ (ནི་བཤང་མ་དོར་སྔོན་དུ་སྡོད་ས་དེ་ཡིན།)
  • About 5 feet long
  • Accepts what small intestines don’t absorb
  • Rectum (short term storage which holds feces before it is expelled).

103 of 113

རྒྱུ་ཆེན། (ལོང།/ ལོང་ག) Large Intestine

  • བྱེད་ལས་ཁག

- ཆུ་མང་བ་བསྡུ་ལེན་བྱེད། Absorbs more water

- སྙིགས་མའི་གར་ཚད་སྤེལ། Concentrate wastes

- སྲིན་བུའི་འཇུ་བྱེད། Bacterial digestion

      • ཁར་སྦོ་མངར་རྫས་ལ་ཕབས་སྦྱོར་བྱེད། Ferment carbohydrates

      • སྤྲི་རྫས་ཆ་གསེས་སུ་གཏོང་། Protein breakdown

104 of 113

གཅིན་འདོན་མ་ལག The Urinary System

  • གཅིན་འདོན་མ་ལག (དེའི་ཁོངས་སུ་མཁལ་མ་དང། ཆུ་རྩ། ལྒང་བ། གཅིན་ལམ་བཅས་གཏོགས།) ལུས་པོའི་ནང་ནས་ཟེ་རླུང་ལྡན་པའི་སྙིགས་མ་རྣམས་གཙང་སེལ་བྱེད། དེ་ཡིས་ཁྲག་གི་སྐྱུར་བུལ་དང་། གློག་འཁྲིད་གཤེར་རྫས། ཁྲག་ནང་གི་ཆུའི་དོ་མཉམ་གྱི་གནས་བབ་བཅས་སྟངས་འཛིན་བྱེད།
  • Urinary system– (kidney, ureter, urinary bladder, urethra) Eliminates nitrogenous wastes from the body. Regulates acid-base, electrolyte and WATER balance of blood.

105 of 113

མཁལ་མའི་བྱེད་ལས།The Function of the Kidney

༡༽ ཕྲ་ཕུང་ཕྱིའི་གཤེར་ཁུའི་འབོར་ཚད་དང་། ཁྲག་ཤེད་ལ་སྟངས་འཛིན་བྱེད།

- སྙིང་རྩ་མ་ལག་ནང་ཕན་ཚུན་བར་གྱི་ལྡོག་གསོའི་བྱ་བ།

༢༽ གྱེས་རྡུལ་གྱི་དོ་མཉམ་གནས་བབ་རྒྱུན་སྲིང་བྱེད།

- ཐ་མལ་གནས་བབ་སྲུང་བའི་ཆེད་གཅིན་འདོན་གྱི་བྱ་བ་སྒྱུར་བར་བྱེད།

༣༽ སྙིགས་མ་ཕྱིར་འདོར།

- ནུས་འགྱུར་ཐོན་རྫས།: ཡུ་རི་ཡ་(སྤྲི་རྫས་)དང་། ཡུ་རིག་སྐྱུར་རྫས་(ཉིང་སྐྱུར།) ཁི་རི་ཡ་ཊི་ནིན་(ཤ་སྒྲིམ།)

- ཕྱི་ནས་ཞུགས་པའི་དངོས་རྫས།: སྨན་རྫས། ཉེས་དུག ཆུའི་ནང་བཞུ་རུང་བའི་བཅུད་རྫས། ཟས་སུ་བཏབས་པའི་རྫས།

106 of 113

ཕྲ་ཕུང་ཕྱི་གནས་གཤེར་ཁུའི་ཐ་མལ་གནས་བབས་སྙོམ་སྒྲིག།�Homeostatic regulation of extracellular fluids

༡༽ གཤེར་ཚགས། Filtration

ཁྲག་ནས་གཤེར་མཁལ་ཕུང་གི་སྟོང་ཆར་བགྲོད་པ།

༢༽ གློད་འདོན། Secretion

ཁྲག་ནས་གཤེར་ཚགས་སུ་འདུས་རྡུལ་དམིགས་འདོན་བྱེད་པ།

༣༽ བསྐྱར་འཇིབ། Reabsorption

མཁལ་ཕུང་གི་སྟོང་ཆ་ནས་མཐའ་སྦུབས་རྩ་ཕྲན་ནང་གི་ཁྲག་ཏུ་གཤེར་བསྐྱར་ལོག་བྱེད་པ།

107 of 113

སྐྱེད་འཕེལ་མ་ལག The Reproductive System

  • སྐྱེད་འཕེལ་མ་ལག
  • ཕོ། (ལྒང་རྨེན། ཕོ་མཚན། རླིག་འབྲས། གསང་སྒྲོ། ཁམས་འདྲེན་སྦུ་གུ)
  • མོ། (ནུ་མའི་རྨེན་བུ། བསམ་སེའུ། བུ་སྣོད། མོ་མཚན། བུ་སྣོད་སྦུ་གུ།)
  • སྐྱེད་འཕེལ་མ་ལག་གི་བྱེད་སྒོ་གཙོ་བོ་ནི་རིགས་རྒྱུད་ཕྱི་མ་སྐྱེད་སྤེལ་བྱ་རྒྱུ་དེ་རེད། རླིག་འབྲས་ཀྱིས་མཚན་མའི་རྨེན་རྫས་དང་ཁམས་དཀར་གཉིས་སྐྱེད་སྐྲུན་བྱེད་པ་དང། སྦུ་གུ་དང་རྨེན་བུ་རྣམས་ཀྱིས་ཁམས་དཀར་སྐྱེལ་འདྲེན་གྱི་བྱ་བར་གྲོགས་བྱེད། བསམ་སེའུ་ཡིས་མོའི་མཚན་མའི་རྨེན་རྫས་དང་ཁམས་དམར་སྐྱེད་སྐྲུན་བྱེད། དེ་བཞིན་མོའི་སྐྱེད་འཕེལ་མ་ལག་གི་ཆ་གཞན་རྣམས་ཀྱིས་ས་བོན་འདྲེས་སྦྱོར་དང་འཚར་འཕེལ་འགྲུབ་སའི་གཞི་མའི་བྱ་བ་བྱེད། དཔེར་ན། ནུ་མའི་རྨེན་བུ་ཡིས་ཕྲུ་གུ་མ་འབྱར་གྱི་ཆེད་དུ་འོ་མ་སྐྱེད་སྐྲུན་བྱེད་པ་ལྟ་བུ་རེད།

108 of 113

སྐྱེད་འཕེལ་མ་ལག Reproductive System

109 of 113

ཁམས་རྡུལ་སྐྱེ་རིམ། Gametogenesis

  • གཟུགས་ཕུང་གཉིས་གྱེས་ཀྱི་སྒོ་ནས་མ་ཡིན་པར་སྐྱེ་ཕུང་བཞི་གྱེས་ཀྱི་སྒོ་ནས་འགྲུབ།
  • དེའི་འབྲས་བུར་ན་ཆུང་ཕྲ་ཕུང་གཉིས་ཀྱི་ཚབ་ཏུ་ན་ཆུང་ཕྲ་ཕུང་བཞི་འབྱུང་།

  • ཚོས་གཟུགས་ཀྱི་གྲངས་ཕྱེད་ཀ་ཏག་ཏག་གིས་ཇེ་ཉུང་དུ་གཏོང།

110 of 113

ཕོའི་སྐྱེད་སྤེལ་མ་ལག The Male Reproductive System

111 of 113

ཁམས་དཀར་གྱི་གྲུབ་ཆ་གཙོ་ཁག Major constituents of semen

  • ཕུ་རུ་མངར་རྫས། Fructose

- (དེ་ཡིས་)ཁམས་དཀར་གྱི་ཆེད་དུ་ནུས་པ་སྦྱིན།

  • ཁྲག་འཁྱག་རྐྱེན་རྩ། Clotting factors

- (ཁྲག་བཞིན་དུ་)ཁམས་དཀར་མི་འཁྱག་པའི་རྐྱེན་བྱེད།

  • ལྒང་རྨེན་ཞག་རྫས། (prostaglandins)

- དེ་ཡིས་བུད་མེད་ཀྱི་སྐྱེད་སྤེལ་སྦུ་གུ་སྐུམ་པར་བྱས་ཏེ་ཁམས་དཀར་རྣམས་ཁམས་དམར་གྱི་ཕྱོགས་སུ་བགྲོད་པའི་གྲོགས་བྱེད།

  • སི་པེར་མིན། Spermine

- དེ་ཡིས་བུད་མེད་ཀྱི་སྐྱེད་སྤེལ་སྦུ་གུའི་སྐྱུར་ཚད་ཇེ་ཉུང་དུ་གཏོང།

112 of 113

མོའི་སྐྱེད་འཕེལ་མ་ལག The Female Reproductive System

113 of 113

ཁམས་དམར་འཚར་འཕེལ་དང་ས་བོན་འདྲེས་སྦྱོར།Egg Development and Fertilization

ཐོག་མའི་མྱུག་གཟུགས།

རིམ་པ་ཕྱི་མའི་མྱུག་གཟུགས།

(སྒོ་ང་སྨིན་རིམ།)

མྱུག་གཟུགས་ཐོགས་འབྱར།