སྐུ་གཟུགས་བཟང་པོ།
ཕྱོགས་བསྒྲིགས་དང་སློབ་སྟོན།�བསྟན་འཛིན་ནོར་བུ།�རྒྱལ་ཡོངས་ཁག་འབགཔ་སློབ་དཔོན།
སྦྱོང་ལཱ།
དོན་ཚན། མིང་འགྲུབ་ཚུལ་གྱི་སྐོར།
མིང་ཟེར་མི་འདི། མི་དང་སེམས་ཅན་ཚུ་གི་ ལཱ་དང་བྱ་བ་ཚུ་ ག་ནི་ཡང་ མ་སྟོན་པར་ ངོ་བོ་ཙམ་སྟོན་མི་ལུ་ མིང་ཟེར་སླབ་ཨིན།
དཔེར་ན། རྟ། གླང་། ལྷ། མི། མཚོ། ཤིང་། དཀོན་མཆོག། ཟེར་མི་ཚུ་བཟུམ་ཨིན།
གོ་དོན།
ཀ་ མིང་གི་ཧེ་མ་ བྱ་ཚིག་ཅིག་ལུ་བརྟེན་ཏེ་ མིང་འགྲུབ་མི།
ཁ་ མིང་གི་ཤུལ་མ་ བྱ་ཚིག་ཅིག་ལུ་བརྟེན་ཏེ་ མིང་འགྲུབ་མི།
ག་ བྱ་ཚིག་ གཉིས་རྩེག་ལུ་བརྟེན་ཏེ་ མིང་འགྲུབ་མི།
མིང་ལུ་དབྱེ་བ།
ཀ་ མིང་རྐྱང་གི་དཔེ།
བྱག། རླུང་། ཁྲག། ཅོག་ཙེ། གཤོང་། ཨེན་ཏ། སྒྲོམ། ཁྱིམ། འབུཔ། སྲོག། ལུས། སེམས། ཏོག་ཙེ། གཟུགས། དུང་། ལུག། རོལ་མོ། སིལ་སྙན། བཟུམ་ཚུ་ཨིན།
གོང་གི་ཚིག་ཚུ་ གཞི་ག་ཅི་ཨིན་མི་འདི་ བྲི་ནི་མ་གཏོགས། འཕྲི་སྣོན་འབད་མི་བཏུབ། དེ་འབད་ནི་དེ་གིས་ སྡེབ་སྦྱོར་ལུ་ཡང་ དཀའ་ངལ་མེདཔ་ཨིན།
བཀའ་དྲིན་ཆེ།