སྐུ་གཟུགས་བཟང་པོ།
བསྟན་འཛིན་ནོར་བུ།�རྒྱལ་ཡོངས་ཁག་འབགཔ་སློབ་དཔོན།
སྙན་རྩོམ་ཟེར་བའི་ དོན་དག་ག་ཅི་སྨོ
སྙན/ཧན།
རྩོམ/ འབྲི་ནི།
སྙན་རྩོམ།
གོ་དོན།
སྙན་རྩོམ་ཟེར་མི་འདི་ ཁ་ལས་སླབ་མི་ བློ་ཚིག་དང་། ཡིག་ཐོ་ལུ་ བྲི་མི་ ཚིག་ཚུ་ རྣམ་ཅོ་ཁར་གོ་བའི་སྐབས་ ཧན་ཏོང་ཏོ་སྦེ་ འཚོར་བ་འབྱིན་མི་ཅིག་ལུ་ སླབ་ཨིན
སྙན་རྩོམ་ལུ་ དབྱེ་བ།
༡) རྩང་མོ/གཙང་མོ།
༢) ཞབས་ཁྲ།།
༣) གསལ་གསལ།
དྲི་བ། རྩང་མོ/གཙང་མོ་ཟེར་མི་འདི་ ག་བཟུམ་ཅིག་ལུ་� གོཝ་སྨོ?
ལན། རྩང་མོ/གཙང་མོ་ཟེར་མི་འདི་ རྩང་དུམ་ལག་ལེན་� འཐབ་སྟེ་ གནམ་བསྐོས་ཀྱི་མོ་བཏབ་མི་ལུ་� སླབ་ཨིན།
དྲི་བ། རྩང་མོ/གཙང་མོ་ལུ་ དབྱེ་བ་ག་དེ་སྦེ་ར་ཡོད་ག?
ལན། རྩང་མོ/གཙང་མོ་ལུ་ དབྱེ་བ།
གཉེན་གླུ་དང་།
དགྲ་གླུ་ཟེར་ དབྱེ་བ་གཉིས་ཡོད།
དྲི་བ། རྩང་མོ/གཙང་མོ་ གཉེན་གླུ་ཟེར་མི་འདི་ ག་བཟུམ་ཅིག་ལུ་ སླབ་སྨོ? དཔེ་དོན་སྦྲགས་ཏེ་བྲིས།
ལན། རྩང་མོ/གཙང་མོ་ གཉེན་གླུ་ཟེར་མི་འདི་ རྩང་མོ་འཐེན་མི་ཚུ་གི་བར་ན་ གཅིག་གིས་གཅིག་ལུ་ དགའ་བའི་རྟགས་མཚན་ལུ་ འཐེནམ་ཨིན།
རྩང་མོ/གཙང་མོ་ གཉེན་གླུ་གི་དཔེ། ཁྱོད་ནི་རྒྱ་མཚོ་ཕར་ཁ།། ང་ནི་རྒྱ་མཚོ་ཚུར་ཁ།། ལས་དང་སྨོན་ལམ་ཡོད་ན།། རྒྱ་མཚོའི་སྦུག་ལུ་འཛོམས་ཤོག། ཟེར་དོ་བཟུམ་ཨིན།
དྲི་བ། རྩང་མོ/གཙང་མོ་ དགྲ་གླུ་ཟེར་མི་འདི་ ག་བཟུམ་ཅིག་ལུ་ སླབ་སྨོ? དཔེ་དོན་སྦྲགས་ཏེ་བྲིས།
ལན། རྩང་མོ/གཙང་མོ་ དགྲ་གླུ་ཟེར་མི་འདི་ རྩང་མོ་འཐེན་མི་ཚུ་གི་བར་ན་ ངལ་མ་རངསམ་ད་དང་། མ་དགཝ་ད་ འཐེནམ་ཨིན།
རྩང་མོ/གཙང་མོ་ དགྲ་གླུ་གི་དཔེ། ལྕང་མོ་ཕར་ལ་སྒུར་སྒུར།། བྱིའུ་ཅུང་ཚུར་ལ་སྒུར་སྒུར།། སྒུར་ན་མཉམ་གཅིག་སྒུར་ཤོག། མ་སྒུརན་རང་རང་སོ་སོ།། ཟེར་དོ་བཟུམ་དང་། གཙང་ཆབ་མེད་པའི་ཟམ་པ།། འགྱོ་དགོ་བསམ་པ་འབྱུང་།། ཁྱོད་དང་ལུང་བསྟན་མེད་པ།། བརྩེ་བཟའ་འབད་དགོ་མ་མནོ།། ཟེར་དོ་བཟུམ་ཨིན།
བཀའ་དྲིན་ཆེ།