༄༅། །འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་སྟི་གནས་ཁང།
ཚོགས་མིའི་འགེངས་ཤོག
མཚན། *
Your answer
ཕ་མིང། *
Your answer
མ་མིང། *
Your answer
ཕོ་མོ། *
ཁྲགས་རིགས་སྡེ་མཚན།
Your answer
རྒྱལ་ཁབ། *
Your answer
སྐྱེས་ཚེས། *
MM
/
DD
/
YYYY
འཚོ་ཐབས་ལས་རིགས། *
Your answer
ཚོགས་མིའི་རིགས། *
འབྲེལ་བ་བྱ་ཡུལ་གྱི་ཁ་བྱང། *
Your answer
ཁ་བྱང།
Website: www.anec-india.net www.facebook.com/anecpeace Email:executivedirectorofanec@gmail.com/
wangduemiddleway@gmail.com Mob.No: +91-98820-77708 Telephone: +91-1892-228121

Address: ANEC, House no.262, 1st Floor, Khajanchi Mohalla, Khanyara Road,
Dharamshala -176215, Distt. Kangra (H.P.)-INDIA

དདུལ་ཁང་ཁ་བྱང།
Donations for ANEC workshops/training programs and other peace and nonviolence related activities may kindly be sent in cheque/bank draft to the following bank account.

Bank Account Details: Canara Bank, Dharamshala

Beneficiary Name: Active Nonviolence Education Center

Saving Account No: 2062101008000,

IFSC Code: CNRB0002062

ཞིབས་ཕྲའི་གནས་ཚུལ་གཞན།
ཚོགས་མིའི་གཞི་རྩའི་དགོས་མཁོ།

༡༽ རང་ལོ་བཅོ་བརྒྱད་གསོན་པའི་མི་སྣ་སུ་འདྲ་ཞིག་ཡིན་རུང་ཚོགས་མིའི་འགེངས་ཤོག་ཞུ་འབུལ་བྱེད་ཆོག།
ཚོགས་མིའི་ཁེ་ཕན་ཁག།
༡༽ ཚོགས་མི་རྣམས་ལ་ངོས་འཛིན་ལག་འཁྱེར་འབུལ་རྒྱུ།
༢༽ བསྟི་གནས་ཁང་གི་འགྲེམས་སྤེལ་བྱེད་པའི་གསར་ཤོག་དང་དཔེ་དེབ་ཁག་ཚོགས་མི་རྣམས་ལ་འབུལ་རྒྱུ།
༣༽ ཁྲིམས་ཐོག་ནས་དེབ་སྐྱེལ་ཡོད་པའི་ཚོགས་པ་ཞིག་གི་ཚོགས་མི་ཡིན་ཆེད་རང་བཞིན་གྱི་ཁེ་ཕན་ཡོད་པ།
༤༽ཁྱད་དུ་འཕགས་པའི་ཚོགས་མི་རྣམས་ལ་འཚེ་མེད་ཞི་བའི་ལས་ཁུངས་ནས་དམིགས་གསལ་བྱ་དགའ་འབུལ་རྒྱུ།
ཚོགས་དངུལ།

ཚེ་གང་ཚོགས་མིའི་ཚོགས་དངུལ། ཧིན་སྒོར། ༣༠༠༠/- (ཐེངས་གཅིག་ལས་ཕུལ་མི་དགོས།)

སྤྱིར་བཏང་ཚོགས་མིའི་ཚོགས་དངུལ། ལོ་རེ་ཧིན་སྒོར། ༣༠༠/-

༈ འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་བསྟི་གནས་ཁང་།

བསྟི་གནས་ཁང་འདི་བཞིན་སྤྱི་ནོར༸གོང་ས་༸སྐྱབས་མགོན་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་འཚེ་མེད་ཞི་བའི་འཚོ་ཐབས་དང་། འཚེ་བ་སྤངས་པའི་འཐབ་རྩོད་ཀྱི་ཕན་ཡོན་དང་འབྲེལ་བའི་བཀའ་སློབ་ལམ་སྟོན་བསྩལ་བ་རྣམས་ཁྱབ་སྤེལ་སླད་ཕྱི་ལོ་༢༠༠༧ལོར་གསར་འཛུགས་ཞུས་པ་ཞིག་ ཡིན། བསྟི་གནས་ཁང་འདིས་བོད་མིའི་སྤྱི་ཚོགས་ནང་འཚེ་མེད་ཞི་བ་ནི་བོད་མི་རིགས་ཀྱི་འཐབ་རྩོད་དང་འབྲེལ་བའི་ཐབས་ལམ་ཆེས་འོས་ཤིང་འཚམས་པ་ཞིག་ཡིན་པའི་ཤེས་རྟོགས་སྤེལ་སླད་སློབ་འཁྲིད་ཐབས་ལམ་དོན་གོ་འཕེར་བ་ཞིག་ལག་བསྟར་བྱ་རྒྱུར་ཡིན། བསྟི་གནས་ཁང་འདིས་འཚེ་མེད་ཞི་བ་ནི་འགྲོ་བ་མིའི་ཆེ་ མཐོང་དང་། བོད་མི་རིགས་ལ་དྲང་བདེན་ཡོང་བའི་འཐབ་རྩོད་ཀྱི་རྨང་གཞི་ཡིན་པར་ཡིད་ཆིས་བྱེད་ཀྱི་ཡོད།

བསྟི་གནས་ཁང་གི་དམིགས་ཡུལ་ཁག།

༡༽བོད་མིའི་སྤྱི་ཚོགས་འདི་བཞིན་མང་གཙོ་ཚད་ལྡན་ལམ་ལུགས་སུ་བསྐྱོད་རྒྱུ་ནི་གལ་འགངས་ཆེ་བའི་གནད་དོན་ཞིག་ཡིན་པའི་གོ་རྟོགས་སྤེལ་ཏེ་འཚེ་མེད་ཞི་བའི་ལྟ་གྲུབ་ཀྱི་རྨང་གཞི་ལྡན་པའི་སྤྱི་ཚོགས་བཟང་པོ་ཞིག་འཛུགས་བསྐྲུན་བྱ་རྒྱུའི་ཕྱོགས་སུ་མདུན་བསྐྱོད་བྱེད་རྒྱུ།

༢༽སྤྱི་ནོར༸གོང་ས་༸སྐྱབས་མགོན་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནས་འཚེ་མེད་ཞི་བའི་ཐབས་ལམ་དང་འབྲེལ་བའི་བཀའ་སློབ་ལམ་སྟོན་སྩལ་བ་རྣམས་དཔྱིས་ཕྱིན་པར་ཤེས་རྟོགས་ཡོང་ཕྱིར་མི་མང་ལ་རོགས་སྐྱོར་བྱ་རྒྱུ།

༣༽ནང་པ་སངས་རྒྱས་པའི་ལྟ་གྲུབ་ནང་གསལ་བའི་ཀུན་སྤྱོད་ཚུལ་ཁྲིམས་རྣམ་དག་དང་། རང་གཤིས་ཡར་རྒྱས་གོང་འཕེལ་གཏོང་རྒྱུ་དགོས་གལ་དང་འབྲེལ་ བའི་སློབ་སྟོན་རྣམས་རང་ཉིད་ཡར་རྒྱས་དང་འཚེ་མེད་ཞི་བའི་ལས་འགུལ་ལམ་ལྷོང་གི་རྨང་གཞི་གདིང་བར་བྱེད་པའི་ཡོན་ཏན་ཡིན་པར་ངོས་འཛིན་ར་སྤྲོད་བྱ་རྒྱུ། སྐབས་འདིར་བཤད་པའི་ཡོན་ཏན་གྱི་ནང་དུ་བྱམས་པ་དང། བཟོད་སྒོམ། མི་དང་མིའི་དབར་གྱི་བསམ་ཤེས། ཚུལ་ཁྲིམས། བརྩོན་འགྲུས་སོགས་ཚུད་ཡོད།

༤༽བོད་རྒྱལ་ཁབ་ཀྱི་གནད་དོན་དང་འབྲེལ་བའི་ཐད་འཚེ་མེད་ཞི་བ་ནི་འོས་ཤིང་འཚམས་པའི་ཐབས་ལམ་ཞིག་ཡིན་པ་དང་། དེའི་གལ་འགངས་ངོ་སྤྲོད་བྱ་རྒྱུ།

༥༽བོད་མི་རྣམས་ལ་རང་ཉིད་ཀྱི་བསམ་ཚུལ་དང་། ལྟ་གྲུབ། བསམ་འཆར་སྨྲ་བརྗོད་ཀྱི་སྡིང་ཆའི་ཚུལ་དུ་སྤྱི་ཚོགས་ཀྱི་ཞབས་ཞུ་སྒྲུབ་རྒྱུ།

༦༽བོད་མིའི་སྤྱི་ཚོགས་ནང་དངོས་ཡོད་རེ་བཟང་གིས་སེམས་ཤུགས་སྤར་རྒྱུ་དང། བོད་ལ་གདུང་སེམས་མཉམ་བསྐྱེད་ཀྱིས་རྒྱབ་སྐྱོར་བྱེད་པོ་རྣམས་ལ་རང་ ཉིད་ཀྱི་དམིགས་ཡུལ་བཟང་པོ་སྒྲུབ་ཐུབ་པ་ཡོང་ཕྱིར་འཚེ་མེད་ཞི་བའི་ཐབས་ལམ་གྱི་ཐད་བཅངས་པའི་རེ་འདུན་དམ་འཛིན་བྱ་རྒྱུ།

Submit
Never submit passwords through Google Forms.
This content is neither created nor endorsed by Google. Report Abuse - Terms of Service - Additional Terms