ASSURE MODEL LESSON PLANNING

འཆར་གཞི་ཨང་་་་༣པ།   སློབ་སྦྱོང་པ་་་་་རྫོང་ཁ་ལོ་ངོ་གཉིས་པ་ གཞི་རིམ་ཆུང་བ།

སློབ་སྦྱོང་པའི་མིང་་་ཕུར་པ་ཚེ་རིང་།      

སློབ་རིམ་་་༢ པ།        ཆོས་ཚན་་་་་་རྫོང་ཁ།        སྤྱི་ཚེས་་་་་་༢༨/༡༠/༢༠༢༢    

ཐུན་ཚན་་་་་༢ པ།     Model; མ་དཔེ།

དུས་ཡུན་སྐར་མ་་༤༥་་།       སློབ་ཕྲུག་གྱངས་ཁ་་་་༡༠།     དོན་ཚན་་་་་སྒོ་ནོར་སེམས་ཅན།

ཨ་ལོའི་ཧེ་མའི་ཤེས་ཚད་་་་་སེམས་ཅན་དང་གཅིག་ཁར་འབྲེལ་འཐབ་པའི་ཉམས་མྱོང་།        

 ༢༽སྦྱོང་ལཱ་དང་པ། ༼རང་རྐྱང་།༽ མི་ངོམ་ ༡༠།

  སློབ་སྟོན་མཁོ་ཆས་་་་་་ཡོངས་འབྲེལ། གློག་རིག་གི་མཁོ་ཆས།(Digital tools)

དབྱེ་ཞིབ་ཐབས་ལམ་་་་་དྲི་བ་དྲིས་ལན། དབྱེ་དཔྱད་ཀྱི་ཐོག་ལས། སྦྱོང་ལཱ་གི་ཐོག་ལས།

        སློབ་སྟོན་ལས་དོན།

སློབ་སྟོན་འདི་ མཇུག་བསྡུཝ་ད་ སློབ་ཕྲུག་རེ་རེ་བཞིན་དུ་གིས་

༡༽  སྒོ་ནོར་སེམས་ཅན་གྱི་ གོ་དོན་སློབ་དཔོན་གྱིས་སློབ་ཕྲུག་ལུ་ སླབ་བྱིན་ཞིནམ་ལས་ གོ་དོན་རང་གི་ཧ་གོ་མི་གཅིག་སླབ་ཚུགས་ནི། ( Cognitive domain)

༢༽ སྒོ་ནོར་སེམས་ཅན་གྱི་ པར་བ་འདི་སློབ་དཔོན་གྱིས་འབྲི་ནི་སྟོན་ཞིནམ་ལས་ རང་རྐྱང་གི་འབྲི་ཚུགས་ནི། ( psychomotor)

༣༽ སེམས་ཅན་རེ་རེ་བཞིན་དུ་གིས་ ཕན་པ་ཨ་ཙི་རེ་ཤེས་ཚུགས་ནི། ( effective domain)

སློབ་སྟོན་ངོ་སྤྲོད། ( Opening )

ཁ་བཟང་བརྗེ་སོར་འབད་ནི། ( སྐུ་གཟུགས་བཟང་པོ་ ཨ་ལོ་ཚུ། ག་ར་ལེགས་ཤོམ་སྦེ་ཡོད་ག? ག་ར་ཚངམ་སྦེ་འོང་ཡི་ག?)

དེ་ཡང་ སེམས་ཅན་འོག་ལུ་ བཀོད་མི་ལྟར་དུ་ སློབ་ཕྲུག་ལུ་སློབ་སྟོན་འབད་ནི་ཨིན།

https://3.bp.blogspot.com/-Er3pQZKvmlI/WJD0g8LedfI/AAAAAAAAA1U/y5AcafWoPRY7IZpFqnFJuhpwLfbKFrjQgCLcB/s1600/Learn%2BDomestic%2BAnimals%2BSounds%2BFor%2BChildren%252C%2BLearn%2BAnimals%2BNames%2BFor%2BKids%2BAnd%2BToddlers.png

སྤྱིར་བཏང་བཀོད་རྒྱ།

སྦྱོང་ལཱ་འདི་ སྡེ་ཚན་ནང་སྡོད་དེ་ འབད་ནི་ཨིན། སློབ་ཕྲུག་ ཁོ་རའི་ནང་རྡོག་ སྒོ་ནོར་སེམས་ཅན་གྱི་ཕན་པ་ ག་ཅི་རང་ཡོད་ག་ བསྟུན་གྲོས་འབད་བཅུག་ནི། དེ་ཡང་ དུས་ཡུན་སྐར་མ་ ༡༠ གི་རིང་ལུ་ འབད་བཅུག་ནི།

སློབ་སྟོན་སྦྱོང་ལཱ་དང་པ། ༼ གློག་བརྙན་དང་པར།༽

སློབ་དཔོན་གྱིས་ སེམས་ཅན་གྱི་སྐོར་ལས་ གློག་བརྙན་བཟོ་འབག་མི་འདི་ སློབ་ཕྲུག་ཚུ་ལུ་ བལྟ་བཅུག་ནི། དེ་ལས་ གློག་བརྙན་འདི་ བལྟ་ཚར་ཞིནམ་ལས་ འགོ་ལུ་བཀོད་དེ་ཡོད་པའི་ དྲི་བ་ཚུ་གིས་ལན་འབྲི་བཅུག་ནི།

༡༽ སྒོ་ནོར་སེམས་ཅན་གྱི་ཕན་པ་ ག་ཅི་རང་ཡོད་ག་འབྲི་ནི།

༢༽ སྒོ་ནོར་སེམས་ཅན་ལྔ་གི་ པར་ལྔ་རང་སོའི་འབྲི་དེབ་ནང་འབྲི་ནི།

སྦྱོང་ལཱ་གཉིས་པ། ༼ སེམས་ཅན་གྱི་སྐོར་ལས་ རིག་བསྡུར་བཟོ་ནི།

བཀོད་རྒྱ།

སློབ་ཕྲུག་རེ་རེ་བཞིན་དུ་ལུ་ འབྲེལ་མཐུད་དེ་ ཨེབ་བཅུག་ནི།https://www.menti.com/al823uaqxjjb 

དེ་བཟུམ་སྦེ་ ཨང་གྲངས་འདི་ མ་འཛོལ་བར་ རེ་རེ་བཞིན་དུ་ ཨེབ་བཅུག་ནི། 2775 5198

དྲི་བ་ག་རང་གིས་ ལན་འདི་འབྲི་བཅུག་ནི།

      ཡང་ན།

 

སློབ་ཕྲུག་ཚུ་ག་རང་ འབྲེལ་མཐུད་ནང་ འགྱོ་བཅུག་ནི།. https://www.menti.com/al823uaqxjjb

སློབ་སྟོན་མཇུག་བསྡུ།

སློབ་དཔོན་གྱིས་ གོང་ལུ་སྟོན་ཡོད་མི་དོན་ཚན་ཐོག་ལས་ སློབ་ཕྲུག་ལུ་ དྲི་བ་དག་པ་ཅིག་དྲིས་ནི།

༡༽ སྒོ་ནོར་སེམས་ཅན་འདི་ ག་ཅི་འབད་ཁག་ཆེཝ་སྨོ?

༢༽ སྒོ་ནོར་སེམས་ཅན་རེ་རེ་བཞིན་དུ་གིས་ ཕན་པ་བྲིས?