Publication 2014
Title | Seven Points For Training The Mind |
Author | Geshe Checkawa |
Of the many mind training (lojong) texts that exist, Geshe Chekawa’s Seven Points for Training the Mind is one of the most complete. The mind training tradition that developed in Tibet has its source in the words of the great Indian masters Nagarjuna and Shantideva. This particular text expands on the Tibetan master Geshe Langritangpa’s Eight Verses from Training the Mind. Although it was written in the twelfth century, Geshe Chekawa’s advice is as relevant today as it was then because human nature has remained much the same. The text provides us with the means to transform our attitudes, gain increased mental control, develop a deeper understanding of reality and greater love, compassion and kindness towards other. Remarkably , the commitments and precepts set out by the author act as pertinent guidelines for a less stressful and more harmonious life in today’s world. | |
Price | Rs. 245/- |
Title | The Tibet Journal Vol. XXXIX No. 1 |
| |
Price | Rs. 350/- |
Title | རྨི་ལམ་འཁྲུག་པའི་ལོ།[སྐད་ཡིག་དེབ་ཕྲེང་། ༢༠] |
Author | ཧུ་ར་འཇའ་པེས་བརྩམས། |
ཧུ་ར་འཇའ་པེས་བརྩམས་པའི་སྒྲུང་རྩོམ་རིང་གྲས་འདི་ནི་འོད་ལྡན་གྱི་གཏམ་རྒྱུད་དང་ནམ་ལང་གི་གཏམ་རྒྱུད་གཉིས་ལས་གྲུབ་པའི་ཚད་མཐོའི་སྒྲུང་རྩོམ་ཞིག་ཏུ་སྣང༌། སྒྲུང་རྩོམ་ནི་སྐད་ཡིག་གི་ཆུ་ཚད་གོང་མཐོར་གཏོང་བ་ལ་མེད་དུ་མི་རུང་བ་ཡིན་པ་སྐད་ཡིག་ཀུན་གྱི་རྩོམ་རིག་སྟེང་གླེང་བ་ཙམ་དུ་མ་ཟད་རིག་པ་ཀློང་དུ་བརྡོལ་བ་དང་བསམ་པ་འབྱམས་སུ་ཀླས་པ་ལ་ཡང་གཞི་རྩའི་གྲོགས་དན་སྦོམ་པོ་ཞིག་ཆགས་ཡོད། དེས་ན་གདོད་མའི་མིས་ཀྱང་སྒྲུང་བོན་ལྡེའུ་གསུམ་ཞེས་པ་ཤེས་རིག་གི་རྨང་གཞིར་བཟུང་ཡོད། ལྷག་པར་དེང་རབས་ཀྱི་སྒྲུང་རྩོམ་ནི་འཆར་ཡན་གྱི་བསམ་བློ་ཙམ་གྱིས་མ་ཚིམ་པར་སྤྱི་ཚོགས་འཚོ་བ་དངོས་ཀྱི་ནང་འཛུལ་ཞུགས་བྱས་པ་ལས་བྱུང་བ་ཞིག་ཡིན་པར་བརྟེན་འབྲེལ་ཡོད་མང་པོ་ཞིག་ལ་སློབ་གསོའི་ལས་རིམ་གྱི་ཆ་ཤས་ཤིག་ཏུ་ཡང་འགྱུར་བ་ཡིན། སྒྲུང་རྩོམ་འདི་ཡང་བརྗོད་བྱ་འདི་དང་འབྲེལ་ཡོད་པར་བརྟེན་ཀློག་པ་པོ་ཀུན་ལ་སྤྲོ་བ་ལྷག་པར་བརྟས་པའི་ཡིད་ཆེས་ཡོད།། | |
Price | Rs. 350/- |
Title | གཞོན་ནུ་ཡ་རབས་བཟང་པོའི་ལམ་དུ་འཇུག་པའི་བསླབ་བྱ་དང་སྔར་བྱུང་གཏམ་རྒྱུད།[སྐད་ཡིག་དེབ་ཕྲེང་། ༡༩] |
Author | རྣམ་གླིང་དཔལ་འབྱོར་འཇིགས་མེད། |
འདི་ན་ཡོད་པའི་རྩིས་དཔོན་རྣམ་སྲས་གླིང་པས་(༡༩༠༧་་་༧༣)བརྩམས་པའི་སྒྲུང་ཐུང་དྲུག་ནི་བཙན་བྱོལ་ནང་གི་སྒྲུང་ཐུང་དང་པོའི་གྲས་སུ་ངོས་འཛིན་བྱེད། སྒྲུང་ཐུང་འདི་དག་བརྒྱུད་ནས་རྩོམ་པ་པོས་རང་རེའི་གཞོན་ནུ་རྣམས་ཡ་རབས་བཟང་སྤྱོད་ཀྱི་ལམ་དུ་འཁྲིད་པར་མཛད་པའི་ཐུགས་རེ་གནང་བ་དང་ཆབས་ཅིག་བོད་ཀྱི་སྐད་ཡིག་ལའང་གཞོགས་འདེགས་མི་དམན་པ་ཞིག་ཏུ་གྱུར་ཡོད། དེས་ན་ང་ཚོ་ཚང་མས་རང་གི་བྱིས་པ་རྣམས་ལ་སྒྲུང་ཐུང་འདི་རིགས་ཀློག་རྒྱུར་སྐུལ་མ་གནང་རོགས་ཞེས་བསྐུལ་ལོ།། | |
Price | Rs. 120/- |
Title | ལོ་རྒྱུས་གནད་བསྡུས།[ངག་རྒྱུན་ལོ་རྒྱུས་དེབ་ཕྲེང་། ༣༥] |
Author | ངག་རྒྱུན་ལོ་རྒྱུས་སྡེ་ཚན་ནས་ཕྱོགས་བསྒྲིགས། |
༈ སྒེར་བྲག་ཐོན་སྲས་བསོད་ནམས་རྡོ་རྗེ་ལགས་ནས་རྩིས་དཔོན་ལུང་ཤར་རྡོ་རྗེ་ཚེ་རྒྱལ་ཅན་དེ་སྔའི་གཞུང་ཞབས་ཁག་གཅིག་གིས་སྤྱི་སྨན་བསམ་ཤོག་ཕུལ་བར་སྙད་བཏགས་གནས་དབྱུང་རྒྱང་འབུད་ཀྱི་བཀའ་ཉེས་ཕོག་སྐོར་སོགས་དང་། མཁས་དབང་བྲག་སྲས་བྱམས་པ་རྒྱལ་མཚན་མཆོག་གི་སྐུ་ཚེའི་མཛད་རྗེས་ལོ་རྒྱུས་དང། གསུང་བཤད། བརྩམས་ཆོས་ཁག སྲས་ཆུང་དགེ་ལེགས་རྣམ་རྒྱལ་དང་། ྋསྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་དམ་པའི་མཛད་རྗེས་ལོ་རྒྱུས་ཐོར་བཏུས། བྱང་སྤྱི་ཐོན་ཟུར་བློ་བཟང་བསྟན་འཛིན་མཆོག་ནས་བོད་ཁྱིམ་སློབ་ཕྲུག་ཁག་གཅིག་ལ་དེ་སྔ་བོད་དངུལ་དཔར་འགྲེམས་རིམ་གནང་གི་རྒྱབ་ལྗོངས་ལོ་རྒྱུས་དང་། ཤ་མར་འབྲུ་རིགས་སོགས་ཐོན་སྐྱེད་གཤོར་འཇལ་འདེགས་གསུམ་གྱི་ཚད་གཞིའི་རྩ་འཛིན་ལམ་ལུགས། དེའི་ཡོ་བྱད་རྣམ་གྲངས་སོགས་ངོ་སྤྲོད། མཁས་དབང་བར་ཞི་ཡབ་ཆེན་ཕུན་ཚོགས་དབང་རྒྱལ་ནས་མཛད་པའི་གཙང་གཞིས་གྲོང་སྟོད་ཤར་པའི་ཁོར་ཡུག་དགེ་མཚན་གསལ་བའི་སྙན་རྩོམ། བཀའ་ཟུར་ཞེའོ་བློ་བཟང་དར་རྒྱས་མཆོག་ནས་གསུངས་པའི་བོད་ཀྱི་སྔ་སྲོལ་རྡེལ་རྩིས་གཏོང་སྟངས། བཀའ་ཟུར་བར་ཞི་ངག་དབང་བསྟན་སྐྱོང་ནས་གསུངས་པའི་མཁས་པ་འདུས་འབྱུང་ཨ་ནནྟས་མཛད་པའི་བོད་གཞུང་རྩིས་ཁང་ཕུན་ཚོགས་བཀོད་པའི་རྡེལ་རྩིས་རྣམ་གཞག རྒྱལ་ནང་བདེ་ཆེན་སྒྲོལ་དཀར་ནས་གནང་བའི་གཏིང་སྐྱེས་དཔལ་ཆེན་ཕོ་བྲང་གི་ཆགས་རབས་དང་ཁོར་ཡུག་ས་སྡེའི་གནས་བབས། གཟར་སྟོད་ཚེ་རིང་རྡོ་རྗེས་གནང་བའི་ཡུལ་ལྷ་གླང་བུ་མཆེད་ལྔའི་ལུང་བསྟན་འཕྲིན་ལས་དང་འབྲེལ་བར་ལོ་ལྟར་གསོལ་མཆོད་ལས་རིམ། ཁུལ་དེའི་དུས་སྟོན་དང་རྟ་རྒྱུག གཞས་ཆེན་དང་རྦད་བཤད་ཀྱི་ཚིག་གཞི་སོགས་དང་། ཤོད་དྲུང་རྨ་བྱ་ཚེ་དབང་འགྱུར་མེད་ཀྱི་ཁྱིམ་རྒྱུད་དང་། གཞིས་བྱེས་གཉིས་སུ་གཞུང་ཞབས་ཞུས་རིམ། མདོ་སྤྱིའི་ལས་བྱ་གནང་ཚུན་བོད་ཞེན་བརྩམས་གཞས་སྔ་ཕྱི། ནང་མ་སྟོད་གཞས་དང་འབྲེལ་ཆགས་བོད་ཀྱི་ཡུལ་ཚན་སོ་སོའི་སྐད་གཤིས་ང་རོ་ལས་གྲུབ་པའི་སྒྲ་གདངས་ཀྱི་རྨང་གཞི་དང་རོལ་ཆའི་རྣམ་དབྱེ་སོགས་འཁོད་ཡོད་ལགས།། །། | |
Price | Rs. 265/- |
Title | བརྩེ་དུང་གིས་བཅོམ་པའི་ལང་ཚོ།[སྐད་ཡིག་དེབ་ཕྲེང་། ༣] |
Author | ཡེ་ཤེས་འཕྲིན་ལས། |
སྒྲུང་རྩོམ་འདི་ལ་མཛུབ་མོ་རི་སྟོན་གྱི་དཔེ་ལྟར་མཐོང་སྣང་སྤྱི་བཤད་ཙམ་ཞུས་ན། ཚིག་སྦྱོར་གྱི་འགྱུར་འགྲོས་ཐད། ཆོས་སྐད་དང་བརྡ་རྙིང་གི་སྦུབས་སུ་མ་འཚང་བ། ལོག་སྐད་དང་ཨ་གསར་གྱི་གཡང་ལ་མ་བརྒྱུགས་པར། སྡེབ་འགྲིག་ལ་འགྲོས་མཉམ་པ། ཀློག་བདེ་ལ་གོ་སླ་བ། བརྗོད་གཞིའི་ཐད། བྱུང་རིམ་གྱི་ཁུངས་དང་། བྱུང་བའི་རྒྱུན། མཇུག་འབྲས་ཀྱི་བསྡོམས། བརྩེ་དུང་གི་རྦ་རླབས། རྙོག་འཛིང་གི་དྲག་ཆར། དགྲ་གྲོགས་ཀྱི་འགལ་འདུ། ཆགས་སྡང་གི་འགུལ་ཤུགས། བརྟན་ལྷིང་གི་མཇུག་འབྲས་རེ་རེ་བཞིན་བབ་ཆགས་ལ་གྲལ་འགྲིག་པ། འབྲེལ་ཆགས་ལ་སྒྲིག་དམ་པའི་ཁྱད་ཆོས་འབུར་དུ་ཐོན་པའི་ཚོར་སྣང་ངང་གིས་འབྱིན་འོང་། སྒྱུ་རྩལ་གྱི་ཐད། གནའ་རབས་ཆོས་པའི་སྲོལ་གྱི་དཔེ། དེང་རབས་སྤུན་ཟླའི་ལུགས་ཀྱི་གཟུགས། མི་རིགས་ཀྱི་སེམས་ཁམས། དུས་རབས་ཀྱི་དབྱེ་མཚམས། ཡུལ་གོམས་ཀྱི་གཤིས་སྤྱོད། ཁོར་ཡུག་གི་མཛེས་བཀོད་སོགས། མཐོ་བ་ལ་འཕར་བ། དམའ་བ་ལ་བབ་པ། ཆུ་ཆེན་ཐུར་དུ་འབབ་འདྲ་དང་། མེ་ལྕེ་གྱེན་དུ་འཕྱུར་འདྲའི་སྐད་ཆའི་བརྒྱུད་རིམ་རེ་རེ་བཞིན། ཉམས་འགྱུར་གྱི་ཟིལ་ཆར་འབབ་པའི་ཟེགས་མ་རེ་རེ་ཀློག་པ་པོའི་སེམས་ངོགས་ན་ཁད་ཀྱིས་འཐོར་འོང་ཞིང། མཛེས་རྟོག་གི་སྣང་བརྙན་དམིགས་བསལ་བ་རེ་འཛུམ་མདངས་ལྷུག་པོར་གྲོལ་བའི་མེ་ཏོག་བཞིན་བཞད་འོང་བ་ཡང་ཀློག་པ་པོ་གཞན་དང་གཞན་ལའང་དེ་བཞིན་ཡོང་ངེས་སྙམ།བེ་རི་འཇིགས་མེད་དབང་རྒྱལ་གྱིས། | |
Price | Rs. 185/- |
Title | STORY FROM MONYUL |
Author | Namgey Lhamu |
Monyul, also know as Tawang - the beautiful land of the Monpas is located in Western Arunachal Pradesh, India, bordering Tibet, China and Bhutan. Its people are called 'Monpas'. Tawang Monastery was founded by the Merak Lama Lodre Gyatso in 1681 in accordance with the wishes of the 5th Dalai Lama, Ngawang Lobsang Gyatso, and has an interesting legend surrounding its name, which means "Chosen by Horse". The sixth Dalai Lama, Tsangyang Gyatso, was born in Tawang. This small collection of gems is unique, Mon's wonderful characters, beliefs and language have been interwoven into simple stories, which entertain, move and profoundly educate us. Namgey Lhamu (Ani Sangmo) has gifted the readers with rare glimpses into the heart and spirit of this speical place. | |
Price | Rs. 130/- |
Title | རེ་དོགས་ཀྱི་དབྱངས་རྟ།[སྐད་ཡིག་དེབ་ཕྲེང་། ༡༨] |
Author | འབྲོང་ངུར་ཕོ་ཉ། |
འདི་ནི་སྙན་ངག་པ་ཞིག་གིས་རང་བྱུང་ཁམས་ལ་འཆང་བའི་མཛེས་སྤྱོད་ཀྱི་ལྟ་ཚུལ་ཞིག་ཡིན་ལ། སྙན་ངག་པའི་ཕུགས་བསམ་ཡང་མཚོན་ཐུབ། སྙན་ངག་པ་ནི་མིའི་བསམ་བློའི་སྣེ་འཁྲིད་མཁན་ཞིག་ཡིན་ཟེར་བར་ཁོར་ཁྱད་དུ་འཕགས་པའི་འདུ་ཤེས་སམ་བསམ་པའི་དཔལ་ཡོན་བླ་མེད་ཅིག་ཡོད་པ་ལས། ལུས་ཀྱི་གྲུབ་སྟངས་མི་གཞན་དང་ཁྱད་པར་མེད། མཛེས་སྤྱོད་ཀྱི་ལྟ་ཚུལ་དང་ཕུགས་བསམ་དེ་ལྟ་བུ་མངོན་དུ་མ་གྱུར་པའི་དབང་གིས། སྙན་ངག་པ་མཚམས་རེར་མྱ་ངན་གྱི་དྲ་བར་ཚུད་ཀྱི་ཡོད། འོན་ཀྱང་གཏན་དུ་འཆི་མི་སྲིད་པ་དེ། སྙན་ངག་པའི་བློ་གྲོས་ཡིན་པ་དང། འཇིག་རྟེན་ལ་འོད་སྣང་ཚད་མེད་པ་ཞིག་སྦྱིན་ཐུབ། ཕུགས་བསམ་དང་། མཛེས་སྤྱོད། ཁེར་ཚུགས། ཡ་རབས། འགན་འཁུར་སོགས་ལྡན་པའི་སྙན་ངག་པ་དུས་ནམ་ཡང་རྒྱལ་གྱུར་ཅིག།སྙན་ངག་པར་ཐན་དུ་མཐོང་མཁན་མང་ལ། སྙན་ངག་པར་ལོག་པར་ལྟ་མཁན་ཧ་ཅང་གིས་མང་། འུ་ཐུག་སྟེ་སྙན་ངག་མཁན་ཕལ་ཆེར་རང་སྲོག་རང་གིས་བཅད་དེ་གཤེགས་སོང་། དོན་དངོས་བདེན་པའི་ཆེད་དུ་ཚེ་སྲོག་གི་བསྒྲགས་གཏམ་སྤེལ་བ་ལས། སྙན་ངག་པ་ཕམ་མེད། བཤད་པའི་སྐད་ཆར་ལག་ལེན་བཏབ་པར་གཟི་བརྗིད་དུ་བརྩི་ཡི་ཡོད། ད་དུང་་་་་་་་་་་་་་་་་་་་་་་་་་་་།སྙན་ངག་པ་འགར་ཁྲི་བཙན་གྱིས། | |
Price | Rs. 165/- |
Title | ཨོཾ་ཏོག[སྐད་ཡིག་དེབ་ཕྲེང་། ༡༧] |
Author | ཆུང་ཚེ་རིང། |
༄༅། །རྩོམ་རིག་ནི་ང་ལ་མཚོན་ན། མི་ཚེའི་ཉམས་མྱོང་གི་གཏེར་ནས་ཐོན་པའི་གཏེར་རྫས་ཤིག་ཡིན་ཞིང་། གལ་ཏེ་ཉམས་མྱོང་དེ་དག་ཡི་གེ་“ཨོཾ”ཡིན་ན། རྩོམ་རིག་ནི་དེའི་སྟེང་གི་“ཏོག་”སྟེ་“ ཾ”ཡིན། ངས་བོད་གཞིས་བྱེས་དང་སྐྱ་སེར། བཙོན་ཁང་དང་བཙོན་ཁང་གི་ཕྱི་ལོགས། ཞིང་ཁུལ་དང་གྲོང་ཁྱེར། ཤར་ཕྱོགས་དང་ནུབ་ཕྱོགས། དམར་ཤོག་དང་མང་གཙོ། སྤྱི་ཚོགས་རིང་ལུགས་དང་མ་རྩ་རིང་ལུགས། གཞུང་ཞབས་དང་མི་མང་། དགེ་རྒན་དང་སློབ་ཕྲུག ཕྲུ་གུ་དང་ཕ་རྒན་སོགས་སྤྱི་ཚོགས་ཀྱི་གནས་བབས་མང་པོ་འགྲིམས་པའི་དེ་རིང་། རང་རྒྱུད་ལ་ཐོབ་པ་ནི་ཉམས་མྱོང་ཕྲན་བུ་འདི་ཡིན་ལ། དེ་དག་གི་སྙིང་པོ་ནི་རྩོམ་ཡིག་ཐར་ཐོར་དེ་ཚོ་ཡིན་ཞེས་བཤད་ཆོག་པ་འདྲ།རྩོམ་པ་པོས།། | |
Price | Rs. 285/- |
Title | གསེར་ནག་གི་ཕྲེང་བ།[སྣ་ཚོགས་དེབ་ཕྲེང་། ༨] |
Author | དགེ་བཤེས་ལྷ་རམས་པ་རོང་བོ་བློ་བཟང་སྙན་གྲགས། |
༄༅། །ད་ལྟ་རང་རིགས་ཤེས་ཡོན་ཅན་མང་པོས་རིག་གནས་ཤེས་ན་ཆོས་མི་ཤེས། ཆོས་ཤེས་ན་རིག་གནས་མི་ཤེས་པས། ཆོས་དང་རིག་གནས་གཉིས་གདན་ཐོག་གཅིག་ཏུ་འཛོམས་པའི་གོ་སྐབས་ཉིན་རེ་བཞིན་ཇེ་ཉུང་དུ་འགྲོ་བཞིན་པའི་སྐབས་འདིར། རྩོམ་པ་པོ་ཁོང་གིས་ཆོས་ལ་རིག་གནས་ཀྱི་འགྲེལ་བཤད་ཡོད་པ། རིག་གནས་ལ་ཆོས་ཀྱི་གོ་དོན་ཡོད་པ། ཆོས་ཀྱིས་སྲིད་ཀྱི་མདུན་ནས་དྲངས་ཤིང༌། སྲིད་ཀྱིས་ཆོས་ཀྱི་རྒྱབ་ནས་སྐྱོར་བའི་གནས་ལུགས་རྣམས་གསལ་སྟོན་གནང་བ་འདིས། ཀློག་པ་པོ་སོ་སོར་མཁྱེན་དཔྱོད་ཀྱི་བློ་རྒྱ་སྔར་ལས་ཡངས་པ་དང༌། ལྷག་བསམ་གྱི་རང་མདངས་སྔར་ལས་རྒྱས་པར་འགྱུར་ཞིང༌། སྤྱི་ཚོགས་ཀྱི་ཁམས་ཆེན་པོ་ལ་ཕན་ཞིང་བདེ་བའི་སྣང་བ་དཀར་པོ་ཟླ་བའི་འཛུམ་ཟེར་ལྟར་འཕྲོ་བར་འགྱུར་སྙམ་པའི་རེ་བ་ཅི་བས་ཀྱང་ཆེ།འབྲིང་བ་དཀོན་མཆོག་འཇིགས་མེད་ཀྱིས། | |
Price | Rs. 360/- |
Title | བོད་ཀྱི་གཅེས་ཕྲུག ༼སྟོད་ཆ།༽[སྐད་ཡིག་དེབ་ཕྲེང་། ༡༥] |
Author | ལྷ་བྱམས་རྒྱལ། |
བོད་ཀྱི་གཅེས་ཕྲུག་ཅེས་པའི་སྒྲུང་རྩོམ་རིང་གྲས་འདི་ནི་ལྷ་ས་དབུས་སུ་བྱས་པའི་བོད་ཀྱི་བྱང་ཤར་མདོ་སྨད་ས་ཁུལ་ཞིག་ཏུ་འཚར་ལོངས་བྱུང་བའི་བྱིས་པ་གསུམ་གྱི་དངོས་ཡོད་ཀྱི་བྱུང་བ་སྒྲུང་གི་ཚུལ་དུ་བྲིས་པ་ཞིག་ཡིན་ཞིང་། སྒྲུང་རྩོམ་འདི་བརྒྱུད་ནས་བོད་མདོ་སྨད་ཕྱོགས་ཀྱི་བྱིས་པ་རྣམས་ཀྱི་གཏམ་རྒྱུད་ངོ་མ་གསལ་རྗེན་དུ་ཤེས་ཐུབ་པར་མ་ཟད། བོད་ཀྱི་རིག་གཞུང་གི་བསམ་བློའི་ངོ་སྤྲོད་ཀྱང་ཤུགས་ཀྱིས་ཕྱིར་མངོན་ཐུབ་པ་ཞིག་སྟེ། དཔེར་ན་ཕ་མ་བུ་ཚའི་བརྩེ་གདུང༌དང་། གཉེན་སྒྲིག་བྱེད་ཚུལ། རབ་བྱུང་དང་སྤྲུལ་སྐུའི་ངོས་འཛིན། ཕུ་ནུའི་མཛའ་བརྩེ། མིང་སྲིང་ཕན་ཚུན་སྐྱོ་རོགས་བྱེད་ཚུལ། མོ་ཕྱྭ་དང་བླ་མར་ཡིད་ཆེས་བྱེད་ཚུལ། ཡུལ་མི་ཕན་ཚུན་གྱི་མཐུན་ལམ། ཤེས་བྱ་ཡོན་ཏན་ལ་དེ་ཙམ་དོ་སྣང་མེད་ཚུལ། ནར་སོན་སྐབས་ཕ་ཡུལ་ལ་གདུང་སེམས་འཁྱེར་སྟངས་སོགས་མང་དག་ཅིག་མངོན་ཡོད། མདོར་ན་རྩོམ་པ་པོས་སྒྲུང་གི་བརྗོད་བྱ་དང་མཐུན་པའི་ཚིག་སྒྲོས་ཤ་སྟག་བེད་སྤྱོད་བྱས་ཡོད་པས་ལོ་ན་རྒན་བྱིས་བར་གསུམ་སུས་ཀྱང་ཀློག་ཐུབ་པའི་ཁྱད་ཆོས་ལྡན་ཡོད་ན། བོད་ཡིག་ལ་དགའ་མོས་ཡོད་མཁན་ཀུན་གྱིས་དཔེ་དེབ་འདི་ཉིད་རྒྱུག་ཆེ་ཤོས་ best seller ཤིག་ཏུ་འོང་བར་རོགས་རམ་མཐུན་འགྱུར་གནང་རོགས་ཞེས་འབོད་སྐུལ་ཞུའོ།། | |
Price | Rs. 225/- |
Title | སྲི་གཅོད་དང་མོའི་ཕྲུ་གུ་ལྔའི་ཕ་རྣམས།[སྐད་ཡིག་དེབ་ཕྲེང་། ༡༢] |
Author | ཕུན་ཚོགས་བཀྲ་ཤིས། |
དཔེ་དེབ་འདི་ནི་རྩོམ་པ་པོ་ཕུན་ཚོགས་བཀྲ་ཤིས་ལགས་ཀྱིས་བརྩམས་གནང་བའི་བརྩམས་སྒྲུང་འབྲིང་གྲས་ཁག་བཞི་ཙམ་འདེམས་སྒྲུག་བྱས་ཏེ་གྲུབ་པ་ཞིག་ཡིན་ཞིང་། དེ་ཡང་རྩོམ་པ་པོས་དངོས་ཡོད་ལ་གཞི་བཅོལ་ཏེ་རྟོག་བཟོ་བྱས་པའི་མི་དང་མིའི་བར་གྱི་འཚོ་བ་དེ་དག་གིས། སྐབས་དེའི་བོད་མི་རིགས་ཀྱི་བསམ་བློའི་འཁྱེར་སོ་དང་འཚོ་བ་དངོས་རྣམས་མཚོན་པར་བྱས་ཡོད་པ་མ་ཟད། མི་སྣ་དང་ཡུལ་ལུང་གི་བཀོད་པ་དག་ཀྱང་གློག་བརྙན་ལ་བལྟས་པ་ཇི་བཞིན་བློ་ངོར་འབབ་བདེ་ཞིང། གཏམ་རྒྱུད་ཀྱི་བྱུང་རིམ་ཚགས་དམ་ལ་མི་སྣའི་བཞེངས་བསྐྲུན་ཁ་གསལ་བ་སོགས་ཁྱད་འཕགས་རང་བཞིན་གྱི་རྩོམ་རྩལ་སྤྱད་འདུག་སྟབས། ངེད་ཅག་གིས་བརྩམས་སྒྲུང་དེ་དག་ལས་དོན་ཕན་ལྡན་པའི་རྒྱུ་མཚན་མང་དག་ཅིག་མཐོང་བར་བརྟེན་འདེམས་སྒྲུག་གིས་པར་བསྐྲུན་འགྲེམས་སྤེལ་ཞུས། འདིར་བཀོད་བརྩམས་སྒྲུང་སོ་སོའི་ཐུན་མིན་གྱི་ཁྱད་ཆོས་ཁག་ནི་སྐུ་ཞབས་ལྷག་པ་ཕུན་ཚོགས་ལགས་ཀྱིས་དེབ་འདིའི་སྔོན་འགྲོའི་གཏམ་དུ་གསལ་བར་བྲིས་འདུག་པས་དེར་གཟིགས་པར་འཚལ། | |
Price | Rs. 190/- |
Title | གསེར་གྱི་ཕ་བོང། |
Author | དགེ་བཤེས་ལྷ་རམས་པ་རོང་བོ་བློ་བཟང་སྙན་གྲགས། |
རྩོམ་རིག་དཔྱད་ཞིབ་པ་ཞིག་གིས་“གསེར་གྱི་ཕ་བོང་”གི་ཚིག་འགྲོས་དང་། ནང་དོན། སྡེབ་སྦྱོར། འགྲེལ་བཤད་འདིས་ང་ཚོ་ཀློག་མཁན་རྣམས་ལ་འཇོག་པའི་བག་ཆགས་སོགས་ཞིབ་གསལ་གྱིས་དབྱེ་ཞིབ་བྱས་ཚེ། ད་དུང་འདིར་གླེང་འོས་པའི་འབེལ་གཏམ་སྣ་ཚོགས་པ་ཞིག་འོང་བར་གོར་མ་ཆག་མོད། དེ་དག་ནི་ཀློག་མཁན་དག་གི་སྐལ་བར་མཆིས་སོ་དྲན་ལ། འདིར་ཚིག་ཉུང་ངུ་ཞིག་གིས་སྟོན་པར་འདོད་པ་ནི། “གསེར་གྱི་ཕ་བོང་”གི་རྩོམ་འགྲོས་ཐད་ནས་ཙོང་ཁ་པ་ཡབ་སྲས་ཀྱི་གསུང་རྩོམ་གྱི་རྗེས་སུ་སྙེག་པའི་རྣམ་པ་ཞིག་མངའ་འོ་ཞེས་ཞུ་འདོད་དོ།།དགེ་འདུན་རབ་གསལ། | |
Price | Rs. 195/- |
Title | Precious Garland |
Author | Arya Nagarjuna |
Editor/Translator | Sonam Tsering Ngulphu |
Precious Garland: Buddhist Approach to Life, Polity and Liberation is book of advice composed by the renowned Buddhist monk philosopher Arya Nagarjuna for his royal friend King Satakarni of the Indian Satavahana dynasty in circa, first century AD. Strung in 500 quatrains, the book is presented in five chapters, each shedding light on concepts and realities such as life, death, beauty, love, power, and virtue. It also provides deep philosophical insight into relevant Buddhist views of Karmic causality, impermanence, emptiness, relativity or interdependence, and Nirvana. More importantly, it delineates Nagarjuna's quintessential Madhyamaka philosophy, which remained a central philosophy theme in various Buddhist traditions for centuries. The book is intended at helping readers develop a healthy outlook to life, spirituality and practice. Carry a universal message, the book, originally composed for a king, will serve as an effective advice manual for those in responsible positions of power and also those bound by a sense of civic duty. Set in bilingual format, the book contains a new Tibetan rendition of the text drawn primarily from its five major editions -- Derge, Chone, Narthang, Peking and Zhol -- with a lightly annotated English translation that opts literally over readability. | |
Price | Rs. 310/- |
Title | Activation Bodhichita and Meditation on Compassion |
Author | His Holiness The 14th Dalai Lama |
The awakening mind is the unsurpassable way to collect merit. To purify obstacles bodhicitta is supreme. For protection from interferences bodhicitta is supreme. It is the unique, all-encompassing method. Every kind of ordinary and supra-mundane power can be accomplished through bodhicitta. Thus, it is absolutely precious. Although compassion is cultivated in one’s own mind, the embodiment of it is the deity known as Avalokiteshvara (Tib. Chan-re-zig). The various aspects that are visualized in meditation practices and represented in images and paintings are merely the interpretative forms of Avalokitephvara, whereas the actual definitive form is compassion itself. | |
Price | Rs. 100/- |
Title | FEMININE WISDOM: Collection of Articles on Tibetan Women |
Author | Namgey Lhamu |
Tibetan women have played unparalleled and examplary role in shaping the contours of Tibetan civilization and in the preservation of Tibetan race, language, culture and religion. However, though the women's studies in general have made a major progress in recent decades, the study of Tibetan women has not made a similar stride, due partly to lack of literature and historical sources on the Tibetan women and partly to the gender prejudice. Therefore, an unbiased and in-depth research is necessary in order to have a proper understanding of the Tibetan women's history and role in general and their contribution towards the Tibetan civilization in particular. And, in order to encourage and facilitate research and study on Tibetan women, the Library of Tibetan Works and Archives has brought out this publication entitled Feminine Wisdom: Collection of Articles on Tibetan Women. These articles, authored by prominent scholars, have originally appeared in various issues of Tibet Journal, a quarterly publication of this institute devoted to the scholarly and general interest articles on Tibetan civilization. | |
Price | Rs. /- |
Title | མི་ཚེའི་མྱོང་གཏམ་ལོ་རྒྱུས་ཁག་གཅིག[ངག་རྒྱུན་ལོ་རྒྱུས་དེབ་ཕྲེང་། ༣༤] |
Author | ངག་རྒྱུན་ལོ་རྒྱུས་སྡེ་ཚན་ནས་ཕྱོགས་བསྒྲིགས། |
༈ ཚ་སྤྲུལ་ཚང་རྩེ་མགྲོན་བློ་བཟང་རྒྱལ་མཚན་གྱི་སྐུ་ཚེའི་ལོ་རྒྱུས་སྤྱི་དང། གཞུང་ཞབས་ཐེམ་པ་རིམ་འཛེགས་ཀྱིས་སྟོད་ཁུལ་ཁྲལ་བསྡུད། མདོ་སྤྱི་ལྷ་ང་གཉིས་ཀྱི་ལས་བྱ་དང་འབྲེལ་ཆབ་མདོ་ས་ཤོར། ལེགས་བཅོས་ཚོགས་འཐུས། སྨོན་ལམ་དང། སྟག་རྩེ་སྒྲུབ་མཆོད། དགའ་ལྡན་སྟོན་མཆོད། རྒྱ་ནག་ཏུ་ལྟ་སྐོར་མྱོང་ཚོར་དང། ༡༩༥༩ ཚུན་རྒྱ་དམར་གྱི་བཙོན་ཁང་དང་ལས་བསྒྱུར་རྡུང་རྡེག་དཀའ་སྦྱོང། རྒྱ་གར་ནང་གཉེན་འཕྲད་དང་ཆོས་ཞུ་ཉམས་ལེན་གནང་རིམ་སྐོར།སྐུ་ཞབས་ཀརྨ་གྲགས་པ་ལགས་ཀྱི་སྐུ་ཚེའི་ལོ་རྒྱུས་སྤྱི་དང། རྒྱ་དམར་བོད་སར་འབྱོར་ཚུན་རང་ཡུལ་ནས་ཐོན་ཏེ་བོད་ས་ཡས་མས་སུ་གནས་སྐོར་ཕེབས་རིམ། བཙན་བྱོལ་དུ་ཕེབས་ཞོར་ཀོང་འབྲི་པདྨ་བཀོད་སོགས་རྩ་ཆེའི་གནས་དགོན་མཇལ་བསྐྱོད་ཀྱིས་གྲུབ་ཐོབ་རྣལ་འབྱོར་གྱི་ཞལ་མཇལ་གསུང་ཐོས། རྒྱ་གར་མི་ས་མ་རི་དང། སིམ་ལ་ལམ་བཟོ། དྷ་སར་སླེབས་ཚུན་བོད་གཞུང་དང་དམིགས་བསལ་བོད་ཀྱི་དཔེ་མཛོད་ཁང་དུ་ཞབས་འདེགས་མཐའ་འཁྱོངས་སྒྲུབ་སྐོར།ཀ་གཞི་སྨད་ངག་དབང་སྦྱིན་པ་ལགས་ཀྱི་འཁྲུངས་གཞིས་དང་བསླབ་པ་སློབ་གཉེར་སོགས་སྐུ་ཚེའི་ལོ་རྒྱུས་སྤྱི་དང། གཞིས་བྱེས་གཉིས་སུ་གཞུང་སའི་བཀོད་དོན་དང་འབྲེལ་ལས་འགན་ཇི་ཞུས། བྱེས་འབྱོར་རིག་གཞུང་སྡེ་ཚན་ཁག་ཏུ་བོད་རིག་པའི་སློབ་ཁྲིད་དང། གསུང་རྩོམ། ཕབ་སྒྱུར་སོགས་གནང་རིགས།དེ་བཞིན་རྐ་ཕུག་སྦྱིན་པ་རྒྱ་མཚོ་ལགས་ཀྱི་སྐུ་ཚེའི་ལོ་རྒྱུས་སྤྱི་དང། ལྷ་སར་རྒྱ་དམར་གྱིས་ཟིང་འཁྲུག་བསླང་པར་གདོང་ལེན་གྱིས་ལྷོ་ཁ་ཁུལ་དགྲ་བོར་འཐབ་འཛིང། རྒྱ་གར་དུ་སླེབས་རྗེས་སྦག་ས་དང། ཝཱ་རཱ་ཎ་སཱི། གདན་ས་གྲྭ་ཚང་དུ་ལས་ཁུར་དང། བོད་གཞུང་ཤེས་དཔར་ཁང་དུ་སྲི་ཞུ་མཐའ་འཁྱོངས་སྒྲུབ་སྐོར།སྤུ་ཧྲེང་བསམ་གྲུབ་ལགས་ནས་གནང་བའི་སྟོད་མངའ་རིས་སྤུ་ཧྲེང་གི་ཡུལ་དགོན་ཆགས་རབས་དང། འཁོར་ཆགས་ཇོ་བོ་སོགས་རྟེན་གཙོ་བྱིན་ཅན་གྱི་ངོ་མཚར་ལོ་རྒྱུས། ས་བབས་མཐོ་དམའ། ཞིང་འབྲོག་གི་ཐོན་སྐྱེད་མངའ་ཐང། ཚོང་འབྲེལ། སྐྱེས་ཡུལ་ཁྱིམ་གཞིས་དང་འབྲེལ་བའི་གཞིས་བྱེས་གཉིས་ཀྱི་རང་གི་ལོ་རྒྱུས་ངོ་སྤྲོད་བཅས་གསལ་ཡོད།། | |
Price | Rs. 290/- |
Title | དཱིརྒཱ་ཡུརིནྡྲ་ཛིནའི་བྱུང་བ་བརྗོད་པ་ཟོལ་མེད་ངག་གི་རོལ་མོ་ཨསྟི། ༼བཀའ་བློན་རྟོགས་བརྗོད།༽ |
Author | མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ། |
བཀའ་བློན་རྟོགས་བརྗོད་ཅེས་པ་འདི་ནི་མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་གྱིས་བརྩམས་པའི་རང་གི་མི་ཚེའི་ལོ་རྒྱུས་ཤིག་ཡིན། རྩོམ་པ་པོ་ནི་བརྒྱ་ཕྲག་བཅུ་བདུན་པ་རྫོགས་ལ་ཁད་དུ་འཁྲུངས་ཤིང་། དུས་སྐབས་དེ་ནི་བོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས་དཀའ་རྙོག་ཤིན་ཏུ་ཆེ་བའི་གནས་སྐབས་ཤིག་ལ་ཁེལ་ཡོད། ཁོང་མཐོ་རིམ་གྱི་མི་སྣ་གལ་ཆེན་ཞིག་ཡིན་པར་བརྟེན་བཀའ་བློན་རྟོགས་བརྗོད་འདི་ནི་སྐབས་དེའི་བོད་ཀྱི་ཆབ་སྲིད་ལོ་རྒྱུས་ཀྱི་དན་རྟགས་ཤིག་ཏུ་གྱུར་ཡོད། ཁོང་ནི་སྙན་གྲགས་ཤིན་ཏུ་ཆེ་བའི་བོད་ཡིག་རྩོམ་པ་པོ་ཞིག་ཡིན། ཚང་མས་མཁྱེན་གསལ་ལྟར་ཡོངས་སུ་གྲགས་པའི་མི་དབང་རྟོགས་བརྗོད་དང་གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད་ཅེས་པ་རྣམ་གཉིས་ཀྱི་རྩོམ་པ་པོའང་ཁོང་ཡིན། དེར་བརྟེན་ད་ལམ་གྱི་རྟོགས་བརྗོད་འདིར་རྩོམ་རིག་གི་རིན་ཐང་ཡང་ཤིན་ཏུ་ཆེན་པོ་ལྡན་ཡོད།། | |
Price | Rs. 135/- |
Title | ཐག་རིང་གི་སྦྲ་ནག། སྨད་ཆ།[སྐད་ཡིག་དེབ་ཕྲེང་། ༡༤] |
Author | བསྟན་པ་ཡར་རྒྱས། |
སྒྲུང་གཏམ་འདིས་ནི་བོད་བྱང་འབྲོག་གི་སྔ་མོའི་གོམས་གཤིས་དང་བྱ་སྤྱོད། འཚོ་བ་སྐྱེལ་སྟངས་དང་། རང་བྱུང་གི་ཁོར་ཡུག་སོགས་ཀྱི་རྣམ་པ་གསལ་སྟོན་དང་། དཔྱད་བརྗོད་པ་གང་མང་ཞིག་གིས་བྱང་ཐང་དམངས་སྲོལ་གྱི་མེ་ལོང་ཞེས་པའི་བསྔགས་བརྗོད་ཀྱི་མེ་ཏོག་ཀྱང་འཐོར་ཡོད། གཞན་ཡང་འདི་ལ་ཀློག་འདོད་ཀྱིས་བྲེལ་སེམས་དང་། ཀློག་ཁར་སྤྲོ་སེམས། ཀློག་བཞིན་པའི་སྐབས་སྐྱུར་མི་ཐུབ་པ་ལྟ་བུའི་ཀློག་པ་པོའི་ཡིད་དབང་འགུགས་པའི་ནུས་པ་འདུག་ལ་དེང་སང་ཡལ་བཞིན་པའི་གནའ་བོའི་འབྲོག་ཁུལ་གྱི་ཐ་སྙད་གང་མང་ཞིག་མ་ཤེས་པ་ཤེས་པ་དང་། ཤེས་པ་ཕྱིར་དྲན་གྱི་ཁྱད་ཆོས་ཀྱང་འདུག། | |
Price | Rs. 230/- |
Title | ཐག་རིང་གི་སྦྲ་ནག། སྟོད་ཆ།[སྐད་ཡིག་དེབ་ཕྲེང་། ༡༣] |
Author | བསྟན་པ་ཡར་རྒྱས། |
སྒྲུང་གཏམ་འདིས་ནི་བོད་བྱང་འབྲོག་གི་སྔ་མོའི་གོམས་གཤིས་དང་བྱ་སྤྱོད། འཚོ་བ་སྐྱེལ་སྟངས་དང་། རང་བྱུང་གི་ཁོར་ཡུག་སོགས་ཀྱི་རྣམ་པ་གསལ་སྟོན་དང་། དཔྱད་བརྗོད་པ་གང་མང་ཞིག་གིས་བྱང་ཐང་དམངས་སྲོལ་གྱི་མེ་ལོང་ཞེས་པའི་བསྔགས་བརྗོད་ཀྱི་མེ་ཏོག་ཀྱང་འཐོར་ཡོད། གཞན་ཡང་འདི་ལ་ཀློག་འདོད་ཀྱིས་བྲེལ་སེམས་དང་། ཀློག་ཁར་སྤྲོ་སེམས། ཀློག་བཞིན་པའི་སྐབས་སྐྱུར་མི་ཐུབ་པ་ལྟ་བུའི་ཀློག་པ་པོའི་ཡིད་དབང་འགུགས་པའི་ནུས་པ་འདུག་ལ་དེང་སང་ཡལ་བཞིན་པའི་གནའ་བོའི་འབྲོག་ཁུལ་གྱི་ཐ་སྙད་གང་མང་ཞིག་མ་ཤེས་པ་ཤེས་པ་དང་། ཤེས་པ་ཕྱིར་དྲན་གྱི་ཁྱད་ཆོས་ཀྱང་འདུག། | |
Price | Rs. 205/- |
Title | བག་ཡོད་པའི་ཚོམས་དང་སྡུག་པའི་ཚོམས་ཀྱི་རྣམ་པར་འགྲེལ་པ།[ནང་ཆོས་དེབ་ཕྲེང་། ༡༣] |
Author | སློབ་དཔོན་ཤེས་རབ་གོ་ཆ། |
ཆེད་དུ་བརྗོད་པའི་ཚོམས་ཀྱི་རྣམ་པར་འགྲེལ་པ་ཞེས་བྱ་བའི་བསྟན་བཅོས་འདི་ནི། སློབ་དཔོན་ཆེན་པོ་པྲཛྙཱ་ཝརྨས་མཛད་པ་སྟེ་བསྟན་བཅོས་ཀྱི་ཐོག་མའི་གྲས་ཤིག་ཏུའང་སྣང་ཞིང་། བརྒྱ་ཕྲག་བཅུ་གཅིག་པའི་ནང་པཎྜི་ཏ་ཇནཱར་དྷན་དང་ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཤཱཀྱ་བློ་གྲོས་རྣམ་གཉིས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་ཞིག་གོ །སྤྱིར་ན་ཚོམས་ཀྱི་རྣམ་པར་འགྲེལ་པ་འདི་ཉིད་ཕྱག་དཔེ་མདའ་ཚད་མ་གཉིས་ཀྱི་བོངས་ཚད་དུ་བཞུགས་ཡོད་པས། དེབ་རེ་རེར་བཀོད་ན་ཅུང་ཟད་མཐུག་པའི་རྐྱེན་གྱིས་ཀློག་སྤྲོ་བ་ལ་གེགས་བྱེད་པར་བསམས་ཏེ། འདི་ནས་དེབ་ཕྲེང་ཆེ་ཆུང་སྙོམ་པོར་འགོད་པར་དམིགས་ནས་བག་ཡོད་པའི་ཚོམས་དང་སྡུག་པའི་ཚོམས་ཀྱི་རྣམ་པར་འགྲེལ་པ་འདི་གཉིས་ཁོལ་བྱུང་གིས་ནང་ཆོས་དེབ་ཕྲེང་བཅུ་གསུམ་པའི་ངོ་བོར་དཔར་སྐྲུན་ཞུས། གཞུང་འདི་རུ་དུས་རྒྱུན་འུ་ཚོའི་ཉིན་རེའི་འཚོ་བའི་ཁྲོད་ན་མཚམས་མི་ཆད་པར་མིག་མཐོང་ལག་ཟིན་གྱིས་མཐོང་རྒྱུ་ཡོད་པ་དག །ཟུར་འདོན་ར་སྤྲོད་ཀྱི་ལམ་ནས་གསུངས་འདུག་པས་ཀློག་པ་པོའི་སེམས་ལ་ཕན་ཆེ་བ་མ་ཟད། གཞུང་འདིའི་ཚིགས་བཅད་ཕལ་མོ་ཆེའི་འགྲེལ་པའི་སྐབས་སུ། སྐབས་བབ་ཀྱི་གདམས་པ་དེ་དག་གསུངས་དགོས་པའི་གླེང་གཞི་དང་། གསུང་ཡུལ། མི་སྣ་དང་། བྱུང་རབས་སོགས་གསལ་བར་བཀོད་ཡོད་སྟབས། གཞུང་འདིར་ལྟ་ཀློག་བྱས་པ་དང་མཉམ་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཛད་པ་རྣམ་ཐར་དག་ཀྱང་ཞོར་དུ་ངེས་ཐུབ་པ་ཞིག་ཡོད་པས་གཅིག་གོ་བཅུ་ཆོད་དུ་གྲུབ་འདུག་གོ། | |
Price | Rs. 140/- |
Title | ཚུལ་ཁྲིམས་དང་ལེགས་པར་སྤྱད་པ་དང་། ཚིག་དང་ལས་དང་དད་པའི་ཚོམས་བཅས་ཀྱི་རྣམ་པར་འགྲེལ་པ།[ནང་ཆོས་་དེབ་ཕྲེང་། ༡༤] |
Author | སློབ་དཔོན་ཤེས་རབ་གོ་ཆ། |
༄༅། །ཆེད་དུ་བརྗོད་པའི་ཚོམས་ཀྱི་རྣམ་པར་འགྲེལ་པ་ཞེས་བྱ་བའི་བསྟན་བཅོས་འདི་ནི། སློབ་དཔོན་ཆེན་པོ་པྲཛྙཱ་ཝརྨས་མཛད་པ་སྟེ་བསྟན་བཅོས་ཀྱི་ཐོག་མའི་གྲས་ཤིག་ཏུའང་སྣང་ཞིང་། བརྒྱ་ཕྲག་བཅུ་གཅིག་པའི་ནང་པཎྜི་ཏ་ཇནཱར་དྷན་དང་ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཤཱཀྱ་བློ་གྲོས་རྣམ་གཉིས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་ཞིག་གོ །སྤྱིར་ན་ཚོམས་ཀྱི་རྣམ་པར་འགྲེལ་པ་འདི་ཉིད་ཕྱག་དཔེ་མདའ་ཚད་མ་གཉིས་ཀྱི་བོངས་ཚད་དུ་བཞུགས་ཡོད་པས། དེབ་རེ་རེར་བཀོད་ན་ཅུང་ཟད་མཐུག་པའི་རྐྱེན་གྱིས་ཀློག་སྤྲོ་བ་ལ་གེགས་བྱེད་པར་བསམས་ཏེ། འདི་ནས་དེབ་ཕྲེང་ཆེ་ཆུང་སྙོམ་པོར་འགོད་པར་དམིགས་ནས་ཚུལ་ཁྲིམས་དང་ལེགས་པར་སྤྱད་པ་དང་ཚིག་དང་ལས་དང་དད་པའི་ཚོམས་བཅས་ཀྱི་རྣམ་པར་འགྲེལ་པ འདི་དག་ཁོལ་བྱུང་གིས་ནང་ཆོས་དེབ་ཕྲེང་བཅུ་བཞི་པའི་ངོ་བོར་དཔར་སྐྲུན་ཞུས། གཞུང་འདི་རུ་དུས་རྒྱུན་འུ་ཚོའི་ཉིན་རེའི་འཚོ་བའི་ཁྲོད་ན་མཚམས་མི་ཆད་པར་མིག་མཐོང་ལག་ཟིན་གྱིས་མཐོང་རྒྱུ་ཡོད་པ་དག །ཟུར་འདོན་ར་སྤྲོད་ཀྱི་ལམ་ནས་གསུངས་འདུག་པས་ཀློག་པ་པོའི་སེམས་ལ་ཕན་ཆེ་བ་མ་ཟད། གཞུང་འདིའི་ཚིགས་བཅད་ཕལ་མོ་ཆེའི་འགྲེལ་པའི་སྐབས་སུ། སྐབས་བབ་ཀྱི་གདམས་པ་དེ་དག་གསུངས་དགོས་པའི་གླེང་གཞི་དང་། གསུང་ཡུལ། མི་སྣ་དང་། བྱུང་རབས་སོགས་གསལ་བར་བཀོད་ཡོད་སྟབས། གཞུང་འདིར་ལྟ་ཀློག་བྱས་པ་དང་མཉམ་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཛད་པ་རྣམ་ཐར་དག་ཀྱང་ཞོར་དུ་ངེས་ཐུབ་པ་ཞིག་ཡོད་པས་གཅིག་གོ་བཅུ་ཆོད་དུ་གྲུབ་འདུག་གོ། | |
Price | Rs. 150/- |
Title | The Tibet Journal |
| |
Price | Rs. /- |
Title | གཏམ་ཚོགས། ༢༠༡༣ ལོ་ ༣༣ ཨང་ ༢ ། |
Author | བོད་ཀྱི་དཔེ་མཛོད་ཁང་། |
མཁས་པའི་དབང་པོའི་ཡང་རྩེ་རཀཿར་རིན་པོ་ཆེ་རྗེས་དྲན་ཞུ་བ།ཇོ་སྲས་བཀྲ་ཤིས་ཚེ་རིང་། མཁས་པའི་དབང་པོའི་ཡང་རྩེ་རཀཿར་རིན་པོ་ཆེའི་བཀའ་རྩོམ་ཕྱག་དེབ་དཀར་ཆགཇོ་སྲས་བཀྲ་ཤིས་ཚེ་རིང་། གནམ་ཆོས་སྨན་ཆོགགནམ་ཆོས་མི་འགྱུར་རྡོ་རྗེ། བོད་དུ་ཟབ་ལམ་དབུ་མའི་ལམ་བཟང་དར་ཚུལ་དཔྱོད་ལྡན་ཡིད་ཀྱི་ཤིང་རྟ།བསོད་ནམས་རྒྱལ་མཚན། བྱིས་པའི་ཞོ་པྲ་བརྟག་ཐབས་དང་། མཆིན་ནད་བཅོས་ཐབས། མེ་བཙའི་གདམས་པ་སོགས་མན་ངག་ཚན་པ་འགའ།རྫོགས་ཆེན་དགའ་ནོར་རིན་པོ་ཆེ། | |
Price | Rs. 195/- |
Title | གཏམ་ཚོགས། ༢༠༡༣ ལོ་ ༣༣ ཨང་ ༡ ། |
Author | བོད་ཀྱི་དཔེ་མཛོད་ཁང་། |
ནགས་སྟོད་མེ་མོ་བྲག་དཀར་གྱི་གནས་ཡིག་འགྲོ་བ་འདྲེན་པའི་ཤིང་རྟ།འབྲོང་ངུར་ཆོས་རྗེ་སྐུ་ཕྲེང་དགུ་པ། འབྲོང་ངུར་ཆོས་རྗེ་སྐུ་ཕྲེང་དགུ་པའི་མཛད་རྣམ་སྙིང་བསྡུས།སྟོང་ཉིད་ལུང་བསྟན་དང་རྡོ་རྗེའི་བརྡ་རྟགས་ཞེས་བྱ་བ།འབྲོང་ངུར་ཆོས་རྗེ་བཅོ་ལྔ་པ། འབྲོང་ངུར་ཆོས་རྗེ་བཅོ་ལྔ་པའི་མཛད་རྣམ་སྙིང་བསྡུས།འབྲོང་ངུར་ཆོས་རྗེ་གོང་མ་གཉིས་ཀྱི་གསུང་ལ་མཚམས་སྦྱོར།འབྲོང་ངུར་བསྟན་འཛིན་ལམ་བཟང་། འབྲོང་ངུར་བསྟན་རྒྱས་སྨོན་ལམ།མཁན་པོ་ཀ་མ་ལ་པྲཛྙཱ། འབྲོང་ངུར་ཆོས་རྗེ་སྐུ་ཕྲེང་བཅུ་དྲུག་པ་དཀོན་མཆོག་བསྟན་འཛིན་ངེས་དོན་བསྟན་པའི་རྒྱལ་མཚན་གྱི་ཞབས་བརྟན་གསོལ་འདེབས།དཀོན་མཆོག་བསྟན་འཛིན་ཀུན་བཟང་འཕྲིན་ལས་ལྷུན་གྲུབ། བོ་དོང་པཎ་ཆེན་གྱི་མཛད་ཆེན་གཅེས་བཏུས་རྣམ་ཐར་རིན་ཆེན་ཞུན་ཐིགས།སྒང་ནེ་ཡེ་ཤེས་འཇིགས་མེད། བོད་ཀྱི་ཐ་སྙད་དང་བོད་རིགས་འབྱུང་ཁུངས་ལ་བལྟ་བ།རྣམ་སྤེལ་ཚང་བློ་བཟང་སྦྱིན་པ། ལེགས་སྦྱར་དང་པཱ་ལི་སོགས་ནས་བོད་འགྱུར་ཇི་བྱུང་སྐོར་མདོ་ཙམ་གླེང་བ།བློ་བཟང་རྡོ་རྗེ་རབ་གླིང། ས་སྐྱ་བཀའ་འབུམ་དཔེ་བསྡུར་མ་ལས་འཕྲོས་པའི་གཏམ།གཙང་ཕྲུག་སྟོབས་ལགས། | |
Price | Rs. 195/- |
Title | ཐོར་རྩོམ་གཅེས་བཏུས།[སྣ་ཚོགས་དེབ་ཕྲེང་། ༧] |
Author | སོ་རུ་བློ་བཟང་དར་རྒྱས། |
དཔེ་དེབ་འདི་ནི་རྣམ་ཐར་ལོ་རྒྱུས་ཁག་ཅིག་དང་། ཆེད་དུ་བརྗོད་པ། དེ་བཞིན་དྲི་བ་དྲིས་ལན་དང། གཏམ་གྱི་ཚོགས་བཅས་བརྗོད་གཞི་མི་འདྲ་བའི་ས་བཅད་ཆེན་མོ་གསུམ་ལས་གྲུབ་པ་ཞིག་ཡིན་པས་བརྗོད་བྱའི་ཆ་ནས་སྣ་འཛོམས་རང་བཞིན་ཅན་ཞིག་རེད། གང་ལྟར་བརྩམས་ཆོས་འདི་དག་ནི་ཚོར་བ་རྣོན་པོ་རེས་རྐྱེན་བྱས་ཏེ་ཤར་མར་བྲིས་པ་ཞིག་གཏན་ནས་མ་ཡིན་པར། དཔྱད་གཞིའི་ཡིག་ཆ་དུ་མ་ཟུར་འཇོག་གིས་དེ་ལ་དབྱེ་ཞིབ་དང་གཏན་ཚིགས་ཀྱི་རྒྱབ་སྣོན་བཙལ་འདུག་པ་སོགས། དཀའ་བ་མི་དམན་པ་སྤྱད་དེ་གྲུབ་པའི་དཔེ་དེབ་ཅིག་ཡིན་པས་ན། དཔེ་དེབ་འདིས་དོན་གཉེར་ཅན་མི་ཉུང་བ་ཞིག་ལ་ཕན་ཐོགས་ངེས་ཅན་ཡོང་བའི་རེ་བ་དང་ཡིད་ཆེས་ཞུ་བཞིན་ཡོད། དཔེ་དེབ་འདིའི་ཁྱད་ཆོས་གཅིག་ཙམ་ཟུར་དུ་ཞུས་ན། སྙན་འགྲེལ་དཎྜིའི་དགོངས་རྒྱན་ལས་ལེའུ་དང་པོའི་དབུ་ནས་ཐུན་མོང་མ་ཡིན་པའི་རྒྱན་བཅུའི་བར་བསླབ་གཞིའི་སྦྱོང་ཚན་གྱི་ཚུལ་དུ་དྲི་བ་ལྔ་བཅུར་བགོས་ཤིང་། ཐོན་མིའི་ཞལ་ལུང་ལས་ཀྱང་རྟགས་འཇུག་གི་སྐོར་ནས་མཛད་པ་པོས་གཙིགས་ཆེར་བཟུང་བའི་གལ་གནད་ཁག་དྲི་བ་ཞེ་དྲུག་ཏུ་བསྡུས་པ་དང་། ལྷག་པར་སི་ཏུའི་འགྲེལ་ཆེན་མུ་ཏིག་ཕྲེང་མཛེས་ལས་སུམ་ཅུ་པ་དང་རྟགས་འཇུག་གཉིས་ཆར་ལ་རྒྱས་བསྡུས་འཚམ་ཞིང་གནད་ལ་འཁེལ་བའི་དྲི་བ་དྲིས་ལན་གྱི་ལམ་ནས་བསླབ་གཞིའི་སྦྱོང་ཚན་བཟོས་འདུག་པ་འདི་དག་ནི། བློ་གསར་དོན་གཉེར་ཅན་རྣམས་ལ་སློབ་གཉེར་གྱི་བོགས་འདོན་པར་ཕན་རླབས་ཆེས་ཆེར་ལྡན་པའི་དཔེ་དེབ་ཅིག་རེད་འདུག་པས་ན་ཅིས་ཀྱང་འཇུག་པར་འཚལ་ཞེས་སྐུལ་ལོ།། | |
Price | Rs. 305/- |